དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-20

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་ཐབས་ཇུས་བཀོད་སྒྲིག་ཧུར་ཐག་དང་། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་ལག་བསྟར་བྱས་ཏེ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

    རང་ལྗོངས་ཀྱི་རིམ་ཁག་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་རྩ་འཛུགས་ཀྱིས་དོན་དངོས་ལ་གཞི་ཚུགས་པ་དང་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོའི་དགོས་མཁོ་སྣ་མང་ལ་དམ་པོར་དམིགས་ནས། སློབ་སྦྱོང་གི་ནང་དོན་དང་། སློབ་གསོའི་རྣམ་པ། གྲུབ་འབྲས་བེད་སྤྱོད་བཅས་ཀྱི་ཐད“ཕྱོགས་གསུམ་ནས་ཤུགས་སྣོན”བརྒྱབ་སྟེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཏན་ཏིག་ངང་སྤེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད། རང་ལྗོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཁྱབ་ཁོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ལ་སྐུལ་འདེད་གཏོང་བ་དང་རྒྱ་ཆེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་ཏང་ཡོན་གྱིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱ་ཆེད། ཉེ་ཆར། ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པས“རྒན་རྒོན་རྣམས་ཀྱི་སེམས་པ་ཏང་ལ་ཕྱོགས། སྒྲིག་ཁྲིམས་སློབ་སྦྱོང་ཐོག་མའི་བསམ་འདུན་སྲུང”ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་མཉམ་འབྲེལ་སློབ་སྦྱོང་བྱེད་སྒོ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འཆད་སྟེགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་བྱེད་པ་རྒན་གྲས་ཅུས་སུ་འཚོགས་ཤིང་། ཚོགས་འདུའི་ཐོག ས་ཁུལ་དང་གྲོང་ཁྱེར་བདུན་དང་། ལྗོངས་སློབ་གསོ་ཐིང་། ལྗོངས་ས་གཤིས་རྩད་ཞིབ་ཅུས་བཅས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་ཏང་ཀྲི་པུའི་ཧྲུའུ་ཅིས་ཏང་ཀྲི་པུའུ་ཁག་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་རིམ་པ་བཞིན་སྤེལ་རེས་གཏམ་བཤད་བྱས་པ་རེད། “མ་གཞི་རང་ཉིད་རྒན་ཡོལ་ཞུས་ཟིན་ཡང་ཏང་གི་སྒྲིག་ལམ་དང་སྒྲིག་ཁྲིམས་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཀྲི་པུའུ་གཞན་དག་གི་ཉམས་མྱོང་དང་བྱེད་སྟངས་དཔྱད་གཞིར་འཛིན་པ། བསམ་ཕྱོགས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་གི་ཡིན”ཞེས་ནག་ཆུ་གྲོང་ཁྱེར་གྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་འཐུས་མི་མགོན་པོ་རྡོ་རྗེས་བཤད།

    ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གྱིས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་ཏན་ཏིག་སྤེལ་ནས། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ལམ། ཏང་གི་སྒྲིག་ཁྲིམས་བཅས་དང་ལྟ་བསྡུར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། རང་ངོས་ཀྱི་ཕུགས་བསམ་དད་སེམས་དང་བསམ་བློ་གཏམ་སྤྱོད་ལ་ཞིབ་ལྟ་བྱས་ཡོད། དེ་དང་ཆབས་ཅིག ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད”དང་ཟུང་འབྲེལ་གྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས“གཞི་རིམ་དུ་སླེབས་པ་བཞི”ལག་ལེན་བསྟར་བར་མཛུབ་ཁྲིད་བྱེད་པ། མཉམ་སྐྲུན་སྡེ་ཁུལ་དང་གྲོང་སྡོད་ས་ཚིགས་སུ་བསྐྱོད་དེ་དམངས་ཀྱི་འདུན་པ་ཉན་པ་དང་དཀའ་ངལ་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་དུས་ཐོག་ཏུ་ཟླ་བ་4པ་ནས་7པ་བར་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སློབ་སྦྱོང་འཆར་གཞི་བཟོས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དེ་བས་ནན་དུ་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་པས། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཁྱབ་ཁོངས་ནང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཚ་རླབས་འཕྱུར་ཡོད། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཨ་མདོ་རྫོང་ཐད་གཏོགས་ལས་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཞིབ་ཕྲའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་དང་། ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཡན་ལག་ཨུ་ལྷན་གྱི་ཁོངས་མིའི་ལས་འགན་ཁག་བགོས་ཞིབ་ཚགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཨ་མདོ་རྫོང་ཐད་གཏོགས་ལས་ཁུངས་ཀྱི“ལས་གནས་སྦྱོང་བརྡར་ཆེན་པོའི”བྱེད་སྒོའི་ནང་དོན་ནང་འཇུག་པ། རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་དང་རྩིས་ཐོ་རེ་རེ་བཞིན་སུབ་པ་བཅས་བྱས་ཏེ་ལས་ཀའི་གདུབ་ཟུམ་ཞིག་གྲུབ་པར་བྱས་ཡོད། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད། དྲིལ་བསྒྲགས་སྒྲོམ་སྟེགས་དང་LEDགློག་རྡུལ་འཆར་ཤེལ་སོགས་སྤྱད་དེ་སྤྱོད་གཙང་སྲིད་སྐྱོང་གི་ཉེན་བརྡའི་སྦྱར་ཡིག་ཐེངས་370ལྷག་ཙམ་བསྟན་པ་དང་། “སྐད་འཕྲིན་གཉིས་དང་སྤྱོད་སྣེ་གཅིག”གི་སྤྱོད་གཙང་སློབ་གསོའི་རྩོམ་ཡིག་ཐེངས་540ལྷག་ཙམ་དུས་ཐོག་ཏུ་བརྒྱུད་བསྐུར་བྱས་ནས། སྤྱོད་གཙང་རིག་གནས་ཀྱི་རྣམ་པ་གཏོད་པ་དང་། བྱེད་ཐབས་མང་པོ་བརྒྱུད་ཏང་ཡོན་ལས་བྱེད་པར་བསམ་བློའི་ཐད་རྩ་སྲ་རྨང་སྐྱོང་ལ་ཁྲིད་སྟོན་གྱིས་རུལ་རྒོལ་འགྱུར་འགོག་གི་འཇོན་ཐང་ཆེ་རུ་བཏང་ཡོད། རྫོང་ཐད་གཏོགས་སྡེ་ཚན་ཁག་གི་སྲིད་གཙང་ཉེན་ཁའི་ས་ཚིགས་དང་ཟུང་འབྲེལ་བྱས་ཏེ་འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ་སྡེ་ཚན་གྱིས་དོགས་ཟོན་བྱེད་དགོས་པའི་སྒྲིག་འགལ་ཁྲིམས་འགལ་གྱི་འགག་རྩའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དབྱེ་ཞིབ་དང་ཞིབ་གཅོད་བྱས་ནས། ཏང་ཡོན་གྱིས་རང་འགུལ་དང་རང་རྟོགས་ངང《སྲོལ་ཡིག》གི་གཏན་འབེབས་དང་ལྟ་བསྡུར་དང་། རང་ངོས་ཀྱི་མི་འདང་སར་ཞིབ་ལྟ། དཔེ་མཚོན་གྱོད་དཔེ་བརྒྱུད་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ཁྲིམས་འགལ་གྱི་ཚབས་ཆེན་རང་བཞིན་དང་གནོད་འཚེའི་རང་བཞིན་ལ་ངོས་འཛིན་ཐུབ་པར་བྱས་ཏེ། ཏང་ཡོན་ལས་བྱེད་པར་ཉེན་བརྡ་འཕྲོད་པ་དང་། མཐའ་ཚད་གསལ་བ། གུས་སྐྲག་ཤེས་པ་བཅས་བྱས་ནས། སྒྲིག་ལམ་གྱི་འདུ་ཤེས་དང་ཏང་གཤིས་བློ་སྦྱོང་མུ་མཐུད་ཟབ་ཏུ་བཏང་ཡོད།

    ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་ཚན་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་། ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད། ཆབ་མདོ་གྲོང་ཨུད་བཅས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དམིགས་ཚད་དང་ལས་འགན་ལ་དམིགས་པ། ལྟ་སྐུལ་མཛུབ་ཁྲིད་ནན་པོ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད། ལས་དོན་ཆེད་དོན་ཚན་ཁག་གིས་རྫོང་ཨུད་ཀྱི་ཞིབ་ཕྲའི་བཀོད་སྒྲིག་ལ་ནན་པོར་གཞིགས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྤྱིའི་བླང་བྱ་དང་དམིགས་ཚད་ལས་འགན་ལ་དམིགས་པ། རིམ་པ་དང་། ཁྱབ་ཁོངས། དམིགས་ས་བཅས་མི་འདྲ་བའི་དོན་དངོས་ལ་གཞིགས་པ། ལྟ་སྐུལ་མཛུབ་ཁྲིད་ནན་པོ་དང་ཡུལ་བབ་དང་བསྟུན་གང་ཐུབ་བྱེད་པ། ས་གནས་ས་ཐོག་ཏུ་བཅར་འདྲི་དང་། བཞུགས་མོལ་སྤེལ་རེས། གླེང་མོལ་བརྟག་ཞིབ། དཔྱད་གཞིའི་ཡིག་རིགས་ལྟ་ཀློག་སོགས་ཀྱི་བྱ་ཐབས་བརྒྱུད་རྫོང་ཡོངས་ཀྱི་སྤྱིའི་གནས་ཚུལ་གསལ་རྟོགས་ཐུབ་པ་བཅས་བྱས་ཏེ་ཤེས་རྟོགས་བྱུང་བའི་གནད་དོན་རང་སར་ཐེར་འདོན་དང་། འཕྲལ་མར་དག་ཐེར། རྗེས་སྙེག་ཕན་འབྲས་རྩད་གཅོད་བཅས་བྱེད་པ་དང་། ཏང་རྩ་འཛུགས་ལ་འཕྲད་པའི་དཀའ་གནད་དང་དོགས་གཞི་དུས་ཐོག་ཏུ་མཛུབ་ཁྲིད་ཐག་གཅོད་བྱེད་པ། བསྡུ་རུབ་བྱས་པའི་བསམ་འཆར་དང་གྲོས་འགོ་ལེགས་སྒྲིག་ཕྱོགས་སྡོམ་དང་དགོངས་ཞུ་སྙན་སེང་ཞུ་བ་བཅས་བྱས་ནས། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།