དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》དེབ་དང་པོ་དང་གཉིས་པ་དང《ཞི་ཅིན་ཕིང་གི་ཀྲུང་གོའི་ལུཌ་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་ཟོར་ལྕིའི་ཡི་གེའི་དཔར་མ་2024ལོའི་ཤང་ཀང་གི་དཔེ་དེབ་འགྲེམས་སྟོན་ཐོག་ཐོག་མར་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-20

    ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》དེབ་དང་པོ་དང་གཉིས་པའི་ཟོར་ལྕིའི་ཡི་གེའི་དཔར་མ་དང《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གཅེས་བཏུས》ཀྱི་ཟོར་ལྕིའི་ཡི་གེའི་དཔར་མ་ཉེ་ཆར་མཉམ་འབྲེལ་དཔེ་སྐྲུན་ཚོགས་པས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། ཟླ་7ཚེས་17ཉིན་ཤང་ཀང་གི་དཔེ་དེབ་འགྲེམས་སྟོན་གྱི་ཉིན་དང་པོར་དཔེ་དེབ་གསར་པའི་འགྲེམས་སྤེལ་ཚོགས་འདུ་དང་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཏོད་པ་དང་འབྲེལ་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་བླངས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་རླབས་པོ་ཆེ་གསོན་ཉམས་དོད་པོས་བཀོད་ཡོད་པ་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་བཏང་བར་ཐོབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་གཅིག་སྡུད་ཐོག་མཚོན་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྣེ་ཁྲིད་གནང་བའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་གང་ལེགས་མངོན་པ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགན་འཁྲི་འཁུར་སེམས་མངོན་ཡོད་ཅིང་། འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་རེད།

    《ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རྣམ་བཤད་གཅེས་བཏུས》ནང་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་སོགས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གསལ་འགྲེལ་གཏིང་ཟབ་གནང་ལུགས་བརྒྱུད་རིམ་ལྡན་པའི་ངང་མཚོན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསར་གཏོད་དང་ཚད་བརྒལ་གཅིག་སྡུད་ཐོག་མངོན་པ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་གསར་པར་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་པ་དང་། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་པ། དེང་རབས་ཅན་གྱི་འཆར་གཞི་གསར་པ་བཀོད་པ་བཅས་མངོན་ཡོད་པ་རེད།

    ཟོར་ལྕིའི་ཡི་གེའི་དཔར་མའི་དཔེ་དེབ་གསུམ་པོ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཤང་ཀང་དང་ཨའོ་མོན་གྱི་ཀློག་པ་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཤེས་རྟོགས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པར་ཕན་ཐོགས་ཡོད་པ་དང་། དེ་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བས་རྒྱལ་ཁབ་དང་། མི་རིགས། རིག་གནས་བཅས་ཀྱི་མོས་སེམས་ཆེ་རུ་འགྲོ་བར་ཁྲིད་སྟོན་གྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སེམས་མཐུན་སྟོབས་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།

    ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན། ཤང་ཀང་གི་རྒྱལ་གཅེས་ཀང་གཅེས་ལས་ཁུངས་དང་སྲིད་ཚོགས་དང་སྤྱི་ཚོགས་ཚོགས་པའི་འཐུས་མི། དཔེ་སྐྲུན་ལས་རིགས་ཀྱི་འཐུས་མི་བཅས་དཔེ་དེབ་གསར་པའི་འགྲེམས་སྤེལ་ཚོགས་འདུ་དང་དཔེ་སྐྲུན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ཤང་ཀང་མཛའ་མཐུན་མཐུན་ཚོགས་དང་། ཤང་ཀང་ཀྲུང་གོའི་ཁེ་ལས་མཐུན་ཚོགས། ཤང་ཀང་སློབ་གསོ་ལས་དོན་པའི་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་དཔེ་དེབ་གསར་པའི་འགྲེམས་སྤེལ་ཚོགས་འདུའི་ཐོག་དཔེ་དེབ་བླངས་པ་རེད། ཟོར་ལྕིའི་ཡི་གེའི་དཔར་མའི་དཔེ་དེབ་གསུམ་པོ་དེ་ཉིན་ནས་བཟུང་ཤང་ཀང་དང་ཨའོ་མོན་གྱི་དཔེ་ཚོང་ཁང་ཁག་ཚང་མར་བསྒྲིགས་པ་དང་འབྲེལ་གཙོ་གནད་ཐོག་འོས་སྦྱོར་འགྲེམས་ཚོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།