དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ལྕགས་ལམ་ལྷ་སའི་མེ་འཁོར་ལས་ཚུགས་ཀྱིས་དབྱར་གསེང་སྐྱེལ་འདྲེན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-19

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། དུས་ཡུན་ཉིན་62ཡིན་པའི་2024ལོའི་རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དབྱར་གསེང་རིང་མཚོ་བོད་ལྕགས་ལམ་ལྷ་སའི་མེ་འཁོར་ལས་ཚུགས་དོ་དམ་བྱེད་ཁོངས་ཀྱི་ནག་ཆུ་དང་གཞིས་རྩེའི་མེ་འཁོར་བབས་ཚུགས་ནས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་25དང་ཉིན་རེར་འགྲུལ་པ་མི་ཐེངས་4000སྐྱེལ་འདྲེན་བྱེད་རྩིས་ཡོད་པ་དང་། འགྲུལ་རྒྱུན་གཙོ་བོ་ཚོང་དོན་དང་། སློབ་མ། ཡུལ་སྐོར་བཅས་ཀྱི་འགྲུལ་པ་ཡིན་ལ། ལྷ་སའི་མེ་འཁོར་ལས་ཚུགས་དོ་དམ་བྱེད་ཁོངས་ཀྱི་འགྲུལ་རྒྱུན་གཙོ་བོ་གཞིས་རྩེ་ནས་ལྷ་ས་བར་དང་། ནག་ཆུ་ནས་ལྷ་ས་དང་ཟི་ལིང་བར་འགྲོ་མཁན་གྱི་འགྲུལ་པ་ཡིན་པ་རེད།

    དབྱར་གསེང་གི་སྐྱེལ་འདྲེན་ལས་དོན་ཡག་པོ་སྒྲུབ་ཆེད། ལྷ་སའི་མེ་འཁོར་ལས་ཚུགས་ཀྱིས་ཁྲོམ་རའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་དབྱར་གསེང་རིང་འགྲུལ་པ་འགྲོ་འོང་མང་བའི་གོ་སྐབས་ལ་དམ་འཛིན་བྱས་ནས། འགྲུལ་སྐྱེལ་ཚོང་གཉེར་ཡན་ལག་རུ་ཁག་ཆུང་བ་འཛུགས་པ་དང་། ས་གནས་ཀྱི་སློབ་གསོ་སྡེ་ཚན་དང་རིག་གནས་ཡུལ་སྐོར་ཅུས་དང་འབྲེལ་མཐུད་གནད་སྨིན་བྱེད་པ། འགྲུལ་རྒྱུན་གྱི་འགྱུར་ལྡོག་དང་ཁྲོམ་རའི་དགོས་མཁོ་ཁོང་དུ་ཏན་ཏིག་ཆུད་པ་བཅས་བྱས་ཏེ་ཚོགས་པའི་འགྲུལ་བཞུད་སྤ་སེ་འཚོང་རྒྱུ་རེད། ས་གནས་སྨྱན་སྦྱོར་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་མེ་འཁོར་གྱི་ཆ་འཕྲིན་དང་དམངས་ལ་སྟབས་བདེ་སྐྲུན་པའི་བྱ་ཐབས་དྲ་ཐོག་ནས་ཡོངས་བསྒྲགས་དང་། རྣམ་པ་མང་བ་དང་ཐབས་ལམ་མང་པོ་ནས་ཚོང་གཉེར་དྲིལ་བསྒྲགས་བྱས་ཏེ་དྲིལ་བསྒྲགས་ཀྱི་ཕན་ནུས་ཆེ་རུ་དང་འགྲུལ་རྒྱུན་འགུག་ཤུགས་ཆེ་རུ་གཏོང་རྒྱུ་རེད། གཞིས་རྩེ་མེ་འཁོར་བབས་ཚུགས་དང་ནག་ཆུ་མེ་འཁོར་བབས་ཚུགས་ཀྱིས་འགྲུལ་རྒྱུན་ལ་དབྱེ་ཞིབ་དང་དཔྱད་ཞིབ་སྔ་སྣུར་དུ་བྱས་ནས། དབྱར་གསེང་སྐྱེལ་འདྲེན་གྱི་འགྲུལ་བཞུད་སྤ་སེ་འཚོང་ཚུལ་བབ་བསྟུན་ཁོང་དུ་ཆུད་པར་བྱེད་པ་དང“ཉིན་རེར་ཇུས་གཞི་རེ”བཟོ་བ། བབས་ཚུགས་སུ་འཛུལ་བའི་བགྲོད་ལམ་འདང་ངེས་བཀོད་སྒྲིག་གང་ཐུབ་བཅས་བྱས་ཏེ་གཙོ་གནད་ཐེངས་གྲངས་དང་དུས་ཚོད་ཀྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱ་རྒྱུ་རེད། འགྲུལ་སྐྱེལ་སྒྲིག་བཀོད་སྒྲིག་ཆས་ལ་སྐོར་ཞིབ་དང་བཅོས་སྒྲིག་ལས་དོན་སྔ་སྣུར་དུ་ཡག་པོ་བསྒྲུབས་ནས། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་ནང་སྦྱོང་སྔ་སྣུར་དུ་བྱས་ཏེ་མེ་འཁོར་འཁོར་སྐྱོད་ཀྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་རེད། སྒྲིག་ཆས་ཚན་པ་དང་མཉམ་འབྲེལ་གྱིས་བདེ་འཇགས་ཞིབ་བཤེར་དང་། གློག་སྐས། འགྲུལ་བཞུད་སྤ་སེ། དྲོད་སྙོམས། གློག་སྒྲོན་སོགས་སྒྲིག་བཀོད་སྒྲིག་ཆས་ལ་གྲལ་བཤེར་བཅོས་སྒྲིག་བྱས་ནས་སྒྲིག་ཆས་ཁག་བདེ་བླག་ངང་སྤྱོད་ཐུབ་པར་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།