དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • དབྱར་གཞུང་གི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་ལྟ་ན་སྡུག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-19

    མདོ་ལ་རིང་མོ་ནི་རང་རྒྱལ་གྱི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་དང་། རྨ་ཆུ་རྒྱུག་ཁུལ་གྱི་ཆུ་འགོ་གཙོ་བོ་རྒྱུག་ས་ཡིན་ལ་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྔོན་སྐྱོད་ས་ཁོངས་ཀྱང་ཡིན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ས་ཚིགས་ནང་ཀན་སུའུ་དང་མཚོ་སྔོན་ཡུག་ཁུལ་གཉིས་སུ་དབྱེ་བ་དང་། རྒྱ་ཁྱོན་བསྡོམས་འབོར་སྤྱི་ཆིང་ཁྲི་502ཟིན་གྱི་ཡོད། ཉེ་བའི་ལོ་ཤས་རིང་ཀན་སུའུ་ཞིང་ཆེན་གྱིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ས་ཚིགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་བས་སྐྱེ་ཁམས་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ། ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་མཉམ་འདྲེས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། ཉེ་ཆར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་ཏ་ཧོ་ཤང་གི་མངའ་ཁོངས་སུ་བརྗིད་ཉམས་ཆེ་ལ་ལྟ་ན་སྡུག་པའི་མདོ་ལ་རིང་མོའི་གངས་རིའི་རྩེ་མོ་དགུང་ལ་བསྙེགས་པ་དང་། རི་སྐེད་དུ་ཤུག་པ་དང་གསོམ་ཤིང་སྟུག་པོར་སྐྱེས་ཡོད་པ། ཧེ་ཧོ་གཙང་པོའི་ཆུ་བོ་རི་བོ་སྐོར་ནས་ཤང་ཤང་དུ་རྒྱུག་པ་བཅས་ཀྱི་མཛེས་ལྗོངས་དག་ལས་ངོ་མཚར་ཆེ་བའི་མཛེས་རིས་ཤིག་གྲུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།