དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཕྲུ་གུ་ཚོས་དབྱར་གསེང་གི་བདེ་འཇགས་དྲན་སྐུལ་ཁག་29ལ་ཡིན་གཅིག་གཟིགས་རོགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-19

    ཟླ་བ་བདུན་པ་འཆར་ཚུན་བོད་ཀྱི་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྣམས་གཅིག་རྗེས་གཉིས་མཐུད་ངང་དབྱར་གསེང་གཏོང་འགོ་ཚུགས་པ་དང་། དབྱར་གསེང་ནི་ཕྲུ་གུ་ཚོའི་སྤྲོ་སྣང་ལྡན་པའི་དུས་སྐབས་ཤིག་རེད་ལ། མེ་སྐྱོན་དང་། ཆུར་ལྷུངས་པ། ཐོག་ཁ་ནས་ཟཌ་པ་སོགས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་སྣ་ཚོགས་ཐོན་མང་བའི་དུས་སྐབས་ཤིག་ཀྱང་རེད། འོ་ན་ཕྲུ་གུ་ཚོས་སྤྲོ་སྣང་དོད་ལ་ཕུན་སུམ་ཚོགས་པའི་དབྱར་གསེང་ཞིག་གཏོང་ཆེད་ཇི་ལྟར་བྱས་ཏེ་བདེ་འཇཌ་ཐད་ཀྱི་འགན་ལེན་བྱེད་དགོས་སམ། བོད་ལྗོངས་མེ་ཟོན་རོཌ་སྐྱོབ་སྤྱི་ཁྱབ་རུ་ཁག་གིས《དབྱར་གསེང་རིང་གི་བདེ་འཇགས་དྲན་སྐུལ་ཁག་29དེ་དག་ཡིན་ཅིག་གཟིགས་དགོས》ཞེས་པ་དེ་ཡོངས་བསྒྲགས་བྱེད་དོན་ནི་རྒྱ་ཆེའི་ཁྱིམ་བདག་དང་ཕྲུ་གུ་ཚོར་མེ་ཟོན་བདེ་འཇགས་སེམས་ལ་བརྟན་པོར་ངེས་ནས་བདེ་མ་ཐང་མའི་ངང་གུང་གསེང་གཏོང་རྒྱུའི་དྲན་སྐུལ་བྱ་ཆེད་རེད།

    420008ffec71397db4fcb71a6a7e01b6_1126224864_15944375013821n.jpg

    གཅིག ཆུར་ལྷུངས་མང་བའི་དུས་འཆར་བས་བདེ་འཇགས་ཀྱི་རྒྱུན་ཤེས་དེ་དག་ཡིན་གཅིག་ཕྲུ་གུར་ཤོད་དགོས།

    1. གང་བྱུང་དུ་ཆུ་རྐྱལ་རྒྱག་མི་རུང་བ།

    2. རྒྱུས་མངའ་མེད་པའི་གཙང་འགྲམ་དུ་ཆུ་རྐྱལ་རྒྱག་མི་རུང་བ།

    3. ཁྱིམ་བདག་གམ་ལྟ་སྐྱོང་བ་མཉམ་དུ་མེད་པའི་གནས་ཚུལ་འོག་ཆུ་རྐྱལ་རྒྱག་མི་རུང་བ།

    4. ཆུ་འགྲམ་དང་། ཆུ་དང་ཐག་ཉེ་ས། ལས་ཡུལ་གྱི་ཆུ་རྫིང་སོགས་ས་ཆར་རྩེད་མོ་རྩེ་མི་རུང་བ།

    5. ཆུ་ཡུར་གྱི་གམ་དུ་འཁྲུད་རྒྱག་མི་རུང་བ་དང་ཉ་སོགས་འཛིན་མི་རུང་བ།

    6. ཆུ་ཡུར་དང་མཚེའུ་སོགས་བདེ་འཇགས་ཀྱི་སྒྲིག་བཀོད་མེད་པ་དང་རོགས་སྐྱོབ་བྱེད་མཁན་མེད་སར་ཆུ་རྩེད་རྩེ་བའམ་ཡང་ན་ཆུ་རྐྱལ་རྒྱག་མི་རུང་བ།

    7. ཆུ་རྫིང་ངམ་ཡང་ན་མཛེས་ལྗོངས་ཁུལ་གྱི་རྫིང་བུའི་འགྲམ་དུ་རྩེད་མོ་རྩེ་མི་རུང་བ།

    8. རོགས་པ་ཆུར་ལྷུངས་པ་ཤེས་འཕྲལ་མི་རྒན་པ་སྐད་གཏོང་བ་ལས་རྨོངས་ཚོད་ཀྱིས་སྐྱོབ་རོགས་བྱེད་མི་རུང་བ།

    གཉིས། ཕྱི་ཕྱོགས་སུ་རྩེད་མོ་རྩེ་སྐབས་བདེ་འཇགས་ལ་ཡིན་གཅིག་དོགས་ཟོན་བྱེད་དགོས།

    1. ཕྱོགས་ལ་འགྲོ་ཡུལ་དང་དེ་བཞིན་ལམ་རྒྱུད་ཀྱི་གནམ་གཤིས་ལ་དོ་ཁུར་ཆེན་པོ་བྱས་ཏེ་གནམ་གཤིས་ལ་བལྟས་ནས་འགྲུལ་བཞུད་ཀྱི་ས་ཆ་གཏན་འཁེལ་བྱེད་དགོས་པ།

    2. རི་ཁུལ་དང་ལུང་ཤུར་སོགས་སུ་རི་ཉིལ་བ་དང་། རྡོ་ཟགས་པ། འདམ་རྡོའི་ཆུ་རུད་ཐོན་པ། ཆུ་ལོག་དོན་པ་སོགས་ཀྱི་གནོད་འཚེའི་ཉེན་ཁ་ལས་གཡོལ་དགོས་པ།

    3. དངོས་སུ་གསར་སྤེལ་དང་སྒོ་མོ་དབྱེ་མེད་པ་དང་བདེ་འཇགས་ཀྱི་འགན་ལེན་གང་ཡང་མེད་པའི་ས་ཆར་ཆུ་རྐྱལ་རྒྱག་མི་རུང་བ།

    4. གྲུ་གཏོང་བ་དང་། ཆུ་ཁར་གཡེང་ནས་འགྲོ་བ། ཆུའི་གཏིང་དུ་འཛུལ་བ་སོགས་ཆུ་དང་འབྲེལ་བ་ཡོད་པའི་བྱེད་སྒོ་དང་བར་སྣང་མཐོ་པོ་དང་། མྱུར་བགྲོད། མྱུལ་དཔྱད་སོགས་ཉེན་ཁ་ཆེ་བའི་ཡུལ་སྐོར་རྣམ་གྲངས་ནང་ཞུགས་རྒྱུར་ཡིད་གཟབ་བྱེད་དགོས་པ།

    5. ལྟ་སྐོར་ཡུལ་སྐོར་གྲུ་གཟིངས་ནང་སྡོད་སྐབས་གཏན་འབེབས་ལྟར་སྲོག་སྐྱོབ་གྱོན་གོས་གྱོན་པ་དང་དགོས་ངེས་ཀྱི་སྲོག་སྐྱོབ་སྒྲིག་ཆས་བསྒར་མེད་པའི་ལྟ་སྐོར་ཡུལ་སྐོར་གྲུ་གཟིངས་ནང་སྡོད་མི་རུང་བ།

    6. ཨར་ཁང་དང་མགྲོན་ཁང་དུ་བསྡད་རྗེས་བདེ་འཇགས་ཐོན་སྒོ་དང་ཁ་འགྲེམས་བགྲོད་ལམ་གང་དུ་ཡོད་མེད་རྒྱུས་ལོན་བྱེད་དགོས་ལ། མེ་ཟོན་ཡོ་ཆས་འཇོག་ཡུལ་ལའང་ཡིད་འཇོག་བྱེད་དགོས་པ།

    གསུམ། དབྱར་གསེང་སྐབས་འབྲུབ་དུས་ཐོན་མང་བས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་འགོག་ཟོན་བྱེད་དགོས།

    1. གནམ་གཤིས་སྔོན་བརྡའི་ཉེན་བརྡའི་ཆ་འཕྲིན་ལ་དོ་སྣང་བྱེད་པ་དང་རྒྱ་མཚོའི་རླུང་འཚུབ་དང་འབྲུག་ཆར་བབས་པའི་གནམ་གཤིས་བསྟན་སྐབས་དགོས་པ་དེ་ཙམ་མེད་ཚེ་ཕྱིར་འགྲོ་མི་རུང་བ།

    2. འབྲུག་ཆར་འབབ་སྐབས་ཀོང་ས་དང་། ཆུ་རྫིང་། ཆུ་མཛོད་སོགས་ཉེན་ཁ་ཆེ་བའི་ཁུལ་དུ་བྱེད་སྒོ་སྤེལ་མི་རུང་བ།

    3. ཁང་ཕྱིའི་གནས་སྐབས་སྐྲུན་དངོས་དང་། བརྡ་ཁྱབ་བྱང་བུ། ཤིང་སྡོང་སོཌ་ཀྱི་འགྲམ་དུ་ཆར་གཡོལ་བྱེད་མི་རུང་བ།

    4. འཁྱིལ་ཆུའི་ཁྲོད་འགྲོ་སྐྱོད་བྱེད་སྐབས་ཀོང་དོང་ནང་དིམ་རྒྱུར་དོགས་ཟོན་ཆེན་པོ་བྱེད་དགོས་པ།

    5. ཕྱིར་འགྲོ་སྐབས་ཆར་པ་བབས་ཚེ་ལམ་སྒྲོན་དང་། གློག་ཆེན། ཟམ་སྦུག ཟམ་འོག་སོགས་སུ་འགྲོ་མི་རུང་བ།

    6. དྲག་ཆར་འབབ་པའི་སྔ་ནུབ་ཏུ་རི་ཁུལ་དང་ལུང་ཤུར་སོགས་ས་གཤིས་གནོད་འཚེ་ཐོན་སླ་བའི་ས་ཆར་འགྲོ་མི་རུང་བ།

    7. སེར་བ་འབབ་སྐབས་འཕྲལ་མར་བདེ་འཇགས་ཆེ་བའི་ཁུལ་འཚོལ་དགོས་པ།

    8. དུས་ཐུང་གི་ཆར་པ་ཆེན་པོ་འབབ་སྐབས་ཀོང་ས་དང་རྒྱང་དུ་གྱེས་དགོས་ལ་ཆུ་འཁྱིལ་སར་ཡིད་གཟབ་བྱེད་དགོས་པ།

    བཞི། གུང་གསེང་རིང་ཁྱིམ་དུ་སྡོད་སྐབས་ཀྱང་བདེ་འཇགས་ཐད་ལྷོད་གཡེང་གཏོང་མི་རུང་།

    1. ཁྱིམ་དུ་མེ་དང་། གློག སོལ་རླངས་བཅས་སྤྱོད་སྐབས་ཡིད་གཟབ་བྱེད་དགོས་པ་དང་། ཁྱིམ་ནས་དོན་སྐབས“གཙང་སེལ་གསུམ་དང་སྒོ་རྒྱག་གསུམ”མ་བརྗེད་པ་བྱེད་དགོས་པ།

    2. ཕྲུ་གུར་ཉི་གཡབ་བམ་ཡང་ན་མཐོ་ས་གཞན་དུ་མི་འཛེག་པ་དང་རྡབ་དཀྲུག་ཤོར་བ་དང་མི་ལྷུངས་པ་བྱ་རྒྱུའི་སློབ་གསོ་རྒྱག་དགོས་པ།

    3. ཕྲུ་གུར་སོལ་རླངས་སམ་ཡང་ན་རླངས་འབར་ཐབ་སྤྱོད་དུ་འཇུག་རྒྱུ་མེད་པ་དང་གལ་ཏེ་སྤྱོད་དགོས་ཚེ་ཡིན་གཅིག་མི་རྒན་པས་ལྟ་རོགས་བྱེད་དགོས་པ།

    4. འབུ་སྨན་སོགས་དུག་སྦྲང་དེད་རྫས་སྤར་ཚེ་ཉལ་གདན་དང་ཤེལ་ཡོལ་སོགས་འབར་སླ་བའི་དངོས་པོ་ལས་རྒྱང་རིང་ཙམ་བྱེད་དགོས་པ།

    5. ཁྱིམ་སྤྱོད་གློག་ཆས་ཐེག་ཚད་ལས་བརྒལ་བའི་སྒོ་ནས་སྤྱོད་མི་རུང་ལ་གློག་སྐུད་གང་བྱུང་དུ་ཁྲིད་རྒྱུར་ཡིད་གཟབ་བྱེད་དགོས་པ།

    6. ཁྱིམ་ཚང་གི་ཉི་གཡབ་དང་ལས་སྟེགས་སོགས་ས་ཁོངས་ཀྱི་བདེ་འཇགས་འགོག་སྲུང་ཡག་པོ་བྱེད་དགོས་པ།

    7. ཕྲུ་གུར་མེ་རྩེད་མི་རྩེ་རྒྱུའི་སློབ་གསོ་རྒྱག་དགོས་པ་དང་གལ་ཏེ་མེ་སྐྱོན་ཐོན་པ་ཤེས་ཚེ་འཕྲལ་མར་མེ་སྐྱོན་ཁ་པར་“119”རྒྱག་རྒྱུའི་ཁ་ཏ་བྱེད་དགོས་པ་བཅས་རེད།

    (བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས་པ)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།