གསར་བརྗེའི་ཞིང་ས་གཤིན་པོར་མི་དམངས་ཉེན་རྟོག་པས་དམངས་ཀྱི་སེམས་ཁྲལ་བསལ་བ།
——ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་བློ་གཅིག་སེམས་གཅིག་ངང་དམངས་ལ་ཞབས་འདེགས་ཞུས་པ།
འདི་ནི་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཆོས་འཛོམས་ཀྱིས་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པའི་སྙིང་ཉེའི་ཞབས་ཞུར་བསྟོད་བསྔགས་གཏོང་བཞིན་ཡོད་པ།
འདི་ནི་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས“སེམས་གསོ་གསུམ”འདུམ་འགྲིག་ཁང་དུ་འགལ་བ་དང་རྩོད་གཞི་བདེ་བླག་ངང་འདུམ་འགྲིག་ཐུབ་པའི་གནས་ཚུལ་ཡིན་པ།
ཧྥེང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང་ཁག་གཉིས་པ་ཡིན་པའི་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་སྤྱི་བདེས་མི་དམངས་ཆེད་དུ་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། “མངགས་གཏོང་ཁང་གི་གཙོ་འགོག”ནུས་པའི་ངེས་གནས་ལ་གཞི་ཚུགས་པ། “རུ་ཁག་གཉིས་དང་ཁང་གཅིག”གི་ཉེན་དོན་འཁོར་སྐྱོད་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། གནས་སྤོས་ཡུལ་མིའི་དོ་དམ་ལ་ཁྱད་ཆོས་ལྡན་པའི་ཡུལ་སྨད་ཀྱི་ལག་ལེན་ལམ་བུའི་ཐོག་བསྐྱོད་པ་རེད།
ལམ་སྲོལ་གསར་གཏོད།—— གཞི་རིམ་བཅོས་སྐྱོང་གི“ཧྥེང་ཆའོ་ཡི་རྣམ་པ་གསར་པ”བཀོད་པ།
མཐའ་མཚམས་ཀྱི་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་དང་མཐའ་མཚམས་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་སྲུང་སྐྱོང་བྱ་ཆེད། ཡུལ་སྨད་ཤང་མཐའ་མཚམས་མངགས་གཏོང་ཁང་གིས“རུ་ཁག་གཉིས་དང་ཁང་གཅིག”དང“དྲ་མིག་ཅན་གྱི་དོ་དམ”མཉམ་འདྲེས་ཀྱི་ཉེན་དོན་འཁོར་སྐྱོད་བྱེད་སྟངས་གསར་གཏོད་བྱས་ནས་བཏོན་པ་དང་། མི་དམངས་ཉེན་རྟོག་པ་8ཀྱིས་ཁོངས་གཏོགས་ཁུལ་གྱི“དྲ་མིག་ཆུང་བ”8དང་སྲུབས་མེད་སྦྲེལ་མཐུད་བྱས་ཏེ“1+1+N”དྲ་མིག་སྟོབས་ཤུགས་མ་ལག་བཙུགས་པས། དོན་ཆེན་མཉམ་འགུལ་དྲ་སྦྲེལ་དང་དོན་ཆུང་དྲ་མིག་ནང་ཐག་གཅོད་ཐུབ་པ་བྱས་ཡོད།
“ཉེན་རྟོག་པའི་སྟོབས་ཤུགས་ལ་ཚད་བཀག་ཡོད་ཀྱང་། མི་དམངས་ཀྱི་སྟོབས་ཤུགས་ལ་ཚད་བཀག་མེད། མི་དམངས་ཉེན་རྟོག་པས་གཙོ་ཁྲིད་དང་། དྲ་མིག་མི་སྣས་རམ་འདེགས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པ་བཅས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་དེས་སྔོན་ཆད་ཀྱི་མི་དམངས་ཉེན་རྟོག་པ་དང་དྲ་མིག་མི་སྣ་གཅིག་པུས་འབད་འཐབ་བྱེད་པའི་རྣམ་པར་འགྱུར་ལྡོག་བཏང་བ་མ་ཟད། ‘1+1>2’ཀྱི་ཕན་འབྲས་ཐོན་ནས་གཞི་རིམ་གྱི་འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་དང་། ཕྱོགས་མི་དོ་དམ། བོགས་གཏོང་ཁང་པ་དོ་དམ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པ་སོགས་གཞི་རིམ་བཅོས་སྐྱོང་གི་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་སྔར་བས་ཐག་གཅོད་ཐུབ་ནས་། ཆེད་ལས་དཔུང་ཁག་མཉམ་འདྲེས་མཉམ་སྐྱོང་མངོན་འགྱུར་ཐུབ་ཡོད”ཅེས་མངགས་གཏོང་ཁང་གི་སློབ་སྟོན་པ་ཝང་ཝུའེ་ཡིས་བརྗོད།
ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་ཡུལ་སྨད་ཤང་དུ་ལོ་12བསྟུད་མར་ཉེས་དོན་གྱོད་གཞི་གཅིག་ཀྱང་ཐོན་མེད་པ་དང་། ཉེན་རྟོག་པ་དང་མི་དམངས་གཉིས་ཀར་རྒྱུས་མངའ་ལོན་ཚད་དང་མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་ཡོད་པ་རེད།
བློ་གཅིག་སེམས་གཅིག—— འགལ་ཟླ་འདུམ་འགྲིག་གི“འཇོན་ཐང་གསར་པ”ཤེས་པ།
“ང་ཚོ་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་བློ་མཐུན་ཚོ་སེམས་རྩ་ཧ་ཅང་འཁོལ་པོ་ཡོད། ཁོང་ཚོ་དམངས་ཀྱི་སེམས་ཁྲལ་སེལ་མཁས་པ་དང་། ལས་དོན་སྒྲུབ་སྐབས་དྲང་ལ་ནན་པ། ལས་ཀ་བྱེད་དུས་ཞིབ་ཚགས་པོ་ཡོད། འགལ་བ་དང་རྩོད་གཞི་ཐོན་སྐབས་ཁོང་ཚོ་བཙལ་ན་ཐག་གཅོད་བྱེད་ཐུབ”ཡུལ་སྨད་ཤང་དུ་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི“སེམས་གསུམ”གྱི་འདུམ་འགྲིག་ཁང་ལ་ཤང་ཡོངས་ཀྱི་གྲོང་མི་ཚོས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད།
ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་དང་། འགལ་བ་དང་རྩོད་གཞི། གནད་དོན་གྱི་ཁུངས་སྣེ་གྲལ་བཤེར་གཙང་སེལ་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། “ཁུག་མ་ཁྱེར་ནས་ཉེན་དོན་སྒྲུབ་པ་དང་། ཉེན་བརྡ་བཏང་ནས་བརྟག་དཔྱད་ཐག་གཅོད་བྱེད་པ། དྲ་མིག་ཞབས་ཞུ”བཅས་ཀྱི་ལས་ཀའི་ལམ་སྲོལ་ཁག་གསུམ་དང“དཔང་ཉན་དང་འདུམ་འགྲིག་གསུམ”ཟུང་དུ་འབྲེལ་བའི་འགལ་ཟླ་སྣ་ཚོགས་ཐག་གཅོད་བྱེད་པའི་ལམ་སྲོལ་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་བ་དང་། སེམས་རྣལ་དུ་ཕབ་པ་དང་། སེམས་བག་ཡངས་སུ་གཏོང་བ། སེམས་རྒྱུད་རིང་བ་བཅས་ཀྱི“སེམས་གསོ་གསུམ”གྱི་འདུམ་འགྲིག་ཁང་བཙུགས་པ། “གྲལ་བཤེར་མ་བྱས་གོང་ནས་སྔོན་འགོག་དང་། འདུམ་འགྲིག་མ་བྱས་གོང་ནས་གྲལ་བཤེར། འགལ་ཟླ་ཆེ་རུ་མ་ཕྱིན་གོང་ནས་འདུམ་འགྲིག”བཅས་ཀྱི་འབྱུང་རྩ་ནས་འདུམ་འགྲིག་བྱེད་པའི་འདུ་ཤེས་བཟུང་ནས་མང་ཚོགས་དང་མཉམ་དུ་སྡོད་པ་དང་། མཉམ་དུ་སྐད་ཆ་ཤོད་པ། ཕན་ཚུན་སྙིང་གཏམ་ཤོད་རེས་བྱེད་པ”བཅས་ཀྱི་བྱེད་སྟངས་ཐོག་ནས་འགལ་ཟླ་སྣ་ཚོགས་ཆུང་དུ་བཏང་ཡོད།
“ཁོངས་གཏོགས་ཁུལ་དུ་འདྲི་རྟོག་བྱེད་པར་འགྲོ་སྐབས་ང་ཚོས་ཟིན་བྲིས་དེབ་འཁྱེར་གྱི་ཡོད། མང་ཚོགས་ལ་གནད་དོན་འཕྲད་ཚེ། ང་ཚོས་ངང་རྒྱུད་རིང་པོས་ཉན་པ་དང་ཟིན་བྲིས་ཞིབ་ཚགས་འགོད་ཀྱི་ཡོད། ‘སེམས་གསོ་གསུམ’འདུམ་འགྲིག་ཁང་དུ་སླེབས་ཕྱིན། གནད་དོན་ཕྱེད་ཀ་ཐག་གཅོད་བྱེད་ཐུབ”ཅེས་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་སློབ་སྟོན་པ་ཝང་ཝུའེ་ཡིས་བརྗོད།
མི་དམངས་གོང་བཀུར།——དམངས་ལ་ཞབས་འདེགས་ཞུ་བའི“རོལ་དབྱངས་གསར་པ”དཀྲོལ་བ།
ཡུན་རིང་གནས་དེ་སྲུང་མཁན་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྔ་ས་ནས་ཡུལ་སྨད་དེ་ཉིད་རང་གི་ཁྱིམ་ཚང་ལྟར་བརྩིས་ཏེ་འཛུགས་སྐྲུན་བྱེད་པ་དང་མང་ཚོགས་རྣམས་གཉེན་ཉེར་བརྩིས་ནས་རོགས་རམ་བྱེད་ཀྱི་ཡོད། ན་ནིང་ཟླ་བ་6པར་མི་དམངས་ཉེན་རྟོག་པས་འདྲི་རྟོག་བྱེད་སྐབས་མང་ཚོགས་མི་ཉུང་བ་ཞིག་ལ་ཨ་བི་ཥ་ཡི་ཚོང་ལམ་ལ་དཀའ་ངལ་འཕྲད་པ་ཤེས་རྟོགས་བྱུང་བ་རེད། ཉེན་རྟོག་པས“ང་ཚོས་དྲ་ཐོག་ནས་བཙོངས་ན་འཐུས”ཞེས་བཤད་འཕྲལ་ཚང་མ་མོས་མཐུན་བྱུང་བ་དང་། དེ་ནས་མི་དམངས་ཉེན་རྟོག་པས་གྲོགས་ཚོགས་དང་དཔོད་ཕྲན་སོགས་དྲ་རྒྱའི་ལས་སྟེགས་བརྒྱུད་མང་ཚོགས་ལ་ཨ་བི་ཥ་སོགས་བོད་སྨན་གྱི་སྨན་རྒྱུ་དང་ཤིང་བཟོས་ལག་ཤེས་བཟོ་རྩལ་ཐོན་རྫས་བྲིན་ཚོང་བྱེད་རོགས་བྱས་པས་མང་ཚོགས་ཀྱི་བྲིན་ཚོང་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད། དུད་ཚང་5ཡི་མི་13ལ་ཡོང་འབབ་ཀྱང་སྒོར་ཁྲི་20ལྷག་ཙམ་བྱུང་ཡོད་པ་རེད།
ཡུལ་སྨད་ཤང་གི་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་གཏོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གིས་མང་ཚོགས་ལ“མཐའ་མཚམས་ཡུལ་སྐོར”དང“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”སོགས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་འཛུགས་རོགས་བྱས་པ་དང་། ལས་གཉེར་ཆོག་འཐུས་ལག་ཁྱེར་རེ་ཞུ་བྱེད་རོགས་བྱས་པ། ཡུལ་སྨད་ལ་བོད་ཕག་གསོ་སྤེལ་རྟེན་གཞི་དང་འདེབས་འཛུགས་རྟེན་གཞི་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད།
དབྱར་གཞུང་གི་ཡུལ་སྨད་དུ་རྩྭ་རྩི་ཤིང་སྣ་ཚོགས་ལོ་འདབ་རབ་ཏུ་རྒྱས་ཤིང་། འདབ་ཆགས་ཀྱི་སྐད་སྙན་ལྷང་ལྷང་དུ་གྲགས་པ་དང་། མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་བ། དྲོ་འཇམ་གྱི་ཉི་འོད་འོག་གྲོག་རོང་གི་ཁ་བ་རིམ་གྱིས་བཞུར་ནས་ཆུ་རྒྱུན་དལ་བུར་འབབ་བཞིན་ཡོད། གསར་བརྗེའི་ཞིང་ས་གཤིན་པོར་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཐུབ་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བརྟན་ལྷིང་འཆམ་མཐུན་བྱུང་ནས་མི་ཚང་མས་ཡུལ་སྨད་ཀྱི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་པ་དང་། དུས་རབས་གསར་པར་གནས་སྤོས་ཡུལ་མི་དོ་དམ་གྱི་ཉེན་རྟོག་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཧྥེང་ཆའོ་རྣམ་པའི་ཉེན་རྟོག་པ”ཡག་ཤོས་ཀྱི་ལེའུ་མུ་མཐུད་རྩོམ་བཞིན་ཡོད།