དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས།

    “གཤམ་སྐྱེལ་ལྔའི”ཞབས་ཞུའི་བྱེད་སྒོ་སྤེལ་ནས་ཞིང་པ་ལས་མིར་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-19

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞིང་པ་ལས་མིར་ཞབས་འདེགས་ཞུ་རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་དྲོ་སྐྱིད་དང་། རིག་གནས། བཅའ་ཁྲིམས། སྲིད་ཇུས། སྨན་བཅོས་དང་སྨན་རྫས་བཅས“གཤམ་སྐྱེལ་ལྔའི”ཞབས་ཞུའི་བྱེད་སྒོ་སྤེལ་ནས། ལྷ་ས་གྲོང་ཁྱེར་དཔལ་སྡིངས་བཙོག་ཆུ་གཙང་གསིང་བཟོ་གྲྭའི་དུས་ཐེངས་གཉིས་པའི་ལས་གྲྭའི་རྣམ་གྲངས་ཀྱི་ཞིང་པ་ལས་མིར་འཚམས་འདྲི་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། ལྷ་ས་རྒྱང་ཆེན་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་ཞིང་པ་ལས་མིར་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། འཁྲུག་ཆ་དོད་པའི་བོད་ཀྱི་གླུ་གར་འཁྲབ་སྟོན་དང་སྙན་འཇེབས་ལྡན་པའི་རྐྱང་གཞས་བཏང་ནས། ས་གནས་ས་ཐོག་གི་ཞིང་པ་ལས་མི་40ལྷག་ཙམ་ལ་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་བར་བྱས་ཡོད། འཁྲབ་སྟོན་བྱེད་རིང་། ད་དུང་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་སྒྲོག་འགྲེལ་དང་དྲི་བ་དྲིས་ལན་གྱི་ནང་དོན་ཀྱང་བཀོད་སྒྲིག་བྱས་པར། ཞིང་པ་ལས་མི་དེའི་ནང་ཧུར་ཐག་ཞུགས་ཏེ་རྣམ་པ་ཧ་ཅང་འཁྲུག་པོ་ཡོད།

    བོད་ལྗོངས་གླིང་ལྔ་སྨན་ཁང་གི་སྨན་པས་ཞིང་པ་ལས་མིར་རིན་མེད་དུ་བདེ་ཐང་བརྟག་དཔྱད་བྱས་པ་དང་། ངང་རྒྱུད་རིང་པོས་ཞིང་པ་ལས་མིའི་ཁྲག་ཤེད་དང་ཁྲག་མངར་བརྟག་དཔྱད་བྱས་ཏེ། རྒྱུན་སྤྱོད་སྨན་སྤྲད་པ་དང་། སྨན་པས་ད་དུང་ཞིང་པ་ལས་མིར་ལུས་གསོའི་ཤེས་བྱ་བསླབས་ནས་ཁོང་ཚོས་རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་ལ་རྒྱུས་མངའ་སྔར་བས་ལོན་པར་རོགས་རམ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།