ས་སྐྱ་རྫོང་གིས་ས་ཁོངས་གཙོ་བོའི་ནགས་བཟོ་སྔོ་འགྱུར་གྱི་ལས་གྲྭར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ས་སྐྱ་རྫོང་གིས་ས་སྐྱའི་ལྷོ་རི་བྱང་རི་དང་ས་ཁོངས་གཙོ་བོའི་ནགས་བཟོ་སྔོ་འགྱུར་གྱི་ལས་གྲྭའི་རྣམ་གྲངས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས། ས་སྐྱའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་ས་སྐྱའི་གྲོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཟམ་མི་ཆད་པར་ལེཌ་སུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་སྐྱ་རྫོང་གི་ལྷོ་རི་བྱང་རི་དང་ས་ཁོངས་གཙོ་བོའི་ནགས་བཟོ་སྔོ་འགྱུར་གྱི་ལས་གྲྭ་ནི་ས་སྐྱ་རྫོང་ཁོངས་ཀྱི“རི་ལྡེབས་སུ་གཙང་ཆུ་འདྲེན་པའི”ལག་རྩལ་ཚོད་ལྟ་དང་ཁྱབ་གདལ་གཏོང་བའི་ལས་གྲྭ་ཐོག་མ་དེ་ཡིན་པ་དང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་1000བཏང་བར་གཙོ་བོ་མུའུ་930.9ཡི་སར་ནགས་བཟོ་སྔོ་འགྱུར་དང་། ལྕགས་དྲ་སྨི་ཁྲི་1.4སྐོར་བ། ཆུ་འདྲེན་སྦུག་ལམ་སྨི་ཁྲི་1.63ལྷག་ཙམ་དང་དེའི་ལེ་ལག་ཚང་བའི་མདོང་ལམ་སྲུང་སྐྱོང་བཅས་ཀྱི་ལས་གྲྭ་ཚུད་ཡོད། མིག་སྔའི་བར། རྣམ་གྲངས་ཀྱི་34%ལེགས་འགྲུབ་ཟིན་པ་དང་ལོ་འདིའི་ནང་ལས་འགན་ཚང་མ་སྒྲུབ་ཐུབ་པ་བྱེད་རྩིས་ཡོད་པ་རེད།
ལས་གྲྭའི་རྣམ་གྲངས་དེ་ལག་ལེན་བསྟར་བ་བརྒྱུད། གྲོང་ཁུལ་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཤུགས་ཆེན་འགྲོ་ངེས་ཡིན་ལ། ས་ཁོངས་ཀྱི་ནགས་ཚལ་དང་རྩྭ་རའི་ཐོན་ཁུངས་ལ་སྲུང་སྐྱོང་དང་སྐྱེ་ཁམས་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་ནས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་སྔོ་འགྱུར་ལས་གྲྭར་ཞུགས་ཏེ་འབབ་འཕར་ཡོང་བར་སྐུལ་ཁྲིད་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་ངེས་རེད།