དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས།

    དུད་ཚང་དུ་གནས་ཚུལ་གྲལ་བཤེར་མཐིལ་རྟོགས་བྱེད་པར་བསྐྱོད་ནས་དབུལ་ལོག་མི་ཐེབས་པ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-19

    དབུལ་ལོག་མི་ཐེབས་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་སྔར་བས་དོན་འཁྱོལ་ཡག་པོ་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་བྱ་ཆེད། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཆ་འཕྲིན་ལྟེ་གནས་ཀྱི་ལས་དོན་པས་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་མི་ཚོགས་རིགས་གསུམ་ལ་ཕྱོགས་ཡོངས་ནས་གསལ་འབྱེད་བྱས་ཏེ། དུད་ཚང་རེ་རེ་བཞིན་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། མིག་སྔའི་དབུལ་ལོག་ཐེབས་པའི་ཉེན་ཁ་དང་གནད་དོན་བཙལ་ཏེ་བྱ་ཐབས་ནུས་ལྡན་སྤྱད་ནས་མངོན་མེད་རྐྱེན་ངན་བསལ་བ་རེད།

    2024ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་ལོ་ཞིག་ཡིན་པས། སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་དབུལ་ལོག་མི་ཐེབས་པ་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་ཟམ་མི་ཆད་པར་བཏང་བའི་ཐོག་མི་ཚོགས་རིགས་གསུམ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། དབུལ་ལོག་ཐེབས་པའི་ཉེན་ཁ་དུས་ཐོག་ཏུ་ཤེས་པར་བྱས་ནས་བྱ་ཐབས་ཧུར་ཐག་སྤྱད་པ་དང་། ཐབས་ཤེས་གནད་སྨིན་འདོན་པ། ཞན་ཆ་སེལ་བ་བཅས་ཀྱི་སྒོ་ནས། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཐེ་ཇུས། སྔ་ཙམ་རོགས་སྐྱོར་བཅས་ཐུབ་པ་བྱས་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་བསལ་ནས་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་དབུལ་ལོག་མི་ཐེབས་པའི་འཛིང་རགས་བརྟན་དུ་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།