དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས།

    ནགས་དཔོན་ལམ་ལུཌ་སྒྱུར་བཅོས་གཏིང་ཟབ་བྱས་ནས་སྔོ་ལྗང་ལ་དོ་དམ་སྲུང་སྐྱོང་དང་སྔོ་ལྗང་མང་དུ་གཏོང་བའི་ལས་དོན་གྱི་མཉམ་ཤུགས་ཆགས་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-19

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ནགས་དཔོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ནས་གསར་གཏོད་ལམ་སྲོལ་འཚོལ་ཞིབ་དང་། དཀའ་གནད་ཧུར་ཐག་སེལ་བ། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། གཏོགས་ཁོངས་འགན་འཁུར། སྡེ་ཚན་དབར་མཐུན་སྦྱོར། འབྱུང་རྩ་ནས་བཅོས་སྐྱོང་། ཁྱབ་ཁོངས་ཡོངས་ལ་ཁྱབ་པ”བཅས་ཀྱི་ནཌ་ལས་ཆེན་པོའི་རྣམ་པ་བཙུགས་ནས“སྐྱེ་ཁམས་སོ་པ”མཐའ་གཅིག་ཏུ་ཡག་པོ་བྱས་ཏེ། “རི་བོ་དེ་བས་སྔོ་བ་དང་། ནགས་ཚལ་དེ་བས་སྔོ་ལྗང་། མང་ཚོགས་དེ་བས་ཕྱུག་པ”བཅས་ཡོང་བ་ཧུར་ཐག་བྱས་ཡོད།

    འགན་འཁྲི་ཆེར་གཏོང་དང་ལམ་ལུགས་འཛུགས་སྐྱོང་མཉམ་དུ་བྱས་ནས།

    “ནགས་ལས་ཀྱི་སྟོབས་ཤུགས་ཆུང་བའི”གནད་དོན་བསལ་བ།

    “བྲག་ཡིབ་ཆུས་ཀྱིས་ནགས་དཔོན་ལམ་ལུགས་སྒྱུར་བཅོས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་འཁུར་ཏེ་འགན་འཁྲིའི་སྒྲོག་ཐག་དམ་དུ་བཏང་ཡོད། ཆུས་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི‘ཏང་སྲིད་འགོ་ཁྲིད་གཙོ་བོས’ནགས་དཔོན་བྱེད་པའི་འགན་འཁྲིའི་མ་ལག་ཕྱོགས་ཡོངས་ནས་བཙུགས་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཚལ་སྐོར་ཞིབ་དང་ནགས་སྲུང་དྲ་མིག་ཚན་པ་དབྱེ་སྟེ་འགན་འཁྲི་ཞིབ་ཏུ་དང་དངོས་ཡོད་དུ་འགྱུར་བ་བྱས་ནས་དུས་བཀག་སྐོར་སྲུང་དང་འགུལ་རྣམ་བརྡ་ཁྱབ་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ཡོད”ཅེས་བྲག་ཡིབ་ཆུས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བྲག་ཡིབ་ཆུས་ཀྱི་ནགས་དཔོན་603དང་། ཆེད་བསྐོས་ལས་འགན་འཁུར་མཁན་ནགས་སྲུང་བ་452 ཆེད་ལས་བདག་སྐྱོང་མི་སྣ་46བཅས་ཚང་མ་ཞིབ་ཐོའི་དོ་དམ་ནང་བཅུག་པས། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་སྟར་ཆགས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད་པ་རེད། སྒྲིག་སྲོལ་དང་ལམ་སྲོལ་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། རྩེ་རིམ་འཆར་འགོད་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས《ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གྲོང་གསེབ་ཀྱི་རིམ་གསུམ་ནགས་དཔོན་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་གྱི་འགན་འཁྲི་གཙང་སྒྲུབ་བྱེད་པའི་གཏན་འབེབས་དོན་ཚན་བཅུ》བཏོན་པ་དང་། 《བྲག་ཡིབ་ཆུས་ཀྱི་སྤྱི་ཕན་ནགས་ཚལ་བདག་སྐྱོང་བྱེད་ཐབས》ལ་བཟོ་བཅོས་བརྒྱབ་སྟེ་ནགས་དཔོན་603གྱིས་ནགས་ཚལ་སྲུང་སྐྱོང་དང་མེ་སྐྱོན་སྔོན་འགོག་གི་འགན་འཁྲི་དོན་འཁྱོལ་ཐུབ་པར་བྱས་ཡོད།

    དབྱར་ཁ་ཤར་བ་ནས་བཟུང་དྲོད་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད། ཉེ་ཆར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་སྲིད་གཞུང་གི་སྒོ་རའི་ནང་ནགས་སྲུང་བའི་ལས་སྒོའི་རྩལ་ནུས་གསོ་སྦྱོང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་ནི་རླུང་ཤུགས་ཀྱི་མེ་གསོད་འཕྲུལ་ཆས་དང་། ཆུ་འཐེན་འཕྲུལ་འཁོར། སྣུམ་སྒུལ་སོག་ལེ་སོགས་མེ་གསོད་སྒྲིག་ཆས་གཙོ་བོ་བཀོལ་སྤྱོད་ལ་མཛུབ་ཁྲིད་བྱེད་པ་དང་འབྲེལ་སྐྱོན་ཤོར་བའི་སྒྲིག་ཆས་ཉམས་གསོ་བྱ་རྒྱུ་དེ་རེད། སྦེ་པ་གྲོང་རྡལ་སྦེ་པ་གྲོང་ཚོའི་ནགས་སྲུང་བ་བཀྲ་ཤིས་དོན་གྲུབ་ཀྱིས“ནགས་སྲུང་བ་ཞིག་ཡིན་པའི་ངོས་ནས་འགན་འཁྲི་ལྕི་པོ་ཡོད་པས་རྒྱུན་དུ་སློབ་སྦྱོང་བྱས་ཚེ་གཞི་ནས་རང་ངོས་ཀྱི་མེ་སྐྱོན་སེལ་བའི་འཇོན་ཐང་ཆེ་རུ་གཏོང་ཐུབ། གསོ་སྦྱོང་བྱེད་ཐེངས་རེ་ལས་ང་ལ་གྲུབ་འབྲས་ཆེན་པོ་ཐོབ་ཀྱི་འདུག”ཅེས་བཤད།

    སྲུང་སྐྱོང་དང་དོ་དམ་གལ་ཆེ་མཉམ་འཛིན་བྱས་ནས།

    “ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོང་དཀའ་བའི”གནད་དོན་བསལ་བ།

    ཟླ་5ཚེས་10ཉིན་གྱི་ཞོགས་པ་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཆུ་འཁོར་གྲོང་ཚོའི་ནགས་སྲུང་བ་ཤང་ཏུང་གིས་ལས་གོས་སེར་པོ་གྱོན་ནས་རྩམ་པ་དང་འཐུང་ཆུ་གྲ་སྒྲིག་ཚར་རྗེས་ཉིན་གཅིག་གི་ལས་ཀ་འགོ་ཚུགས། ཁོང་གིས“དེ་རིང་ངའི་ལས་ཀ་གཙོ་བོ་ནི་ནགས་ཁྲོད་ཀྱི་འབར་སླ་བའི་དངོས་པོར་ལྟ་ཞིབ་བྱ་རྒྱུ་དེ་ཡིན”ཞེས་བཤད། ད་ལོ་ནི་ཁོང་ནགས་སྲུང་བ་བྱས་པའི་ལོ་བརྒྱད་པ་དེ་རེད། མ་གཞི་རང་ཉིད་ཀྱི་དོ་དམ་བྱེད་ཁོངས་ལ་རྒྱུས་མངའ་ཆེན་པོ་ཡོད་མོད། འོན་ཀྱང་ངས་རི་སྐོར་རྒྱག་མཚམས་གཏན་ནས་བཞག་མེད། “ཆུང་དུས་གྲོང་ཚོའི་ནགས་ཚལ་ད་དུང་དེ་ཙམ་སྟུག་པོ་མེད་པའི་ཐོག་ཚང་མས་ཤིང་གང་བྱུང་གཅོད་པའི་སྣང་ཚུལ་ཧ་ཅང་ཚབས་ཆེན་པོ་ཡོད། ད་ཆ་གྲོང་ཚོའི་མི་རྣམས་ཀྱིས་ནགས་ཚལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད”ཅེས་རི་སྐོར་རྒྱག་མཁན་ཤང་ཏུང་གིས་དགའ་སྤྲོའི་ངང་གསར་འགོད་པར་བཤད།

    ནགས་ཚལ་མེ་ཟོན་གྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད། བྲག་ཡིབ་ཆུས་ཀྱི་འབྲེལ་ཡོད་ཚན་པས་གྲོང་ཚོ་ཁག་གི་འགྲོ་ལམ་དང་། ཆུ་འགོ ས་དབྱིབས། བསང་ཁུང་། འབྲོག་པའི་ཁང་པ་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། ས་ཁོངས་ཡོངས་ཀྱི“སྲུང་དམག་བཀོད་སྒྲིག་ས་བཀྲ”བཟོ་བ། རིམ་གསུམ་དྲ་མིག་ཅན་གྱི་དོ་དམ་ལག་བསྟར་བྱེད་པ། ཆུས་རིམ་པའི་ནགས་དཔོན་གྱིས་རང་བྱུང་གྲོང་ཚོ་འགན་གཙང་ལེན་པ། གྲོང་ཚོ་རིམ་པའི་ནགས་དཔོན་གྱིས་རི་བོ་དང་ས་ཆ་འགན་གཙང་ལེན་པ་བཅས་བྱས་པ་དང་། དེ་བཞིན་ས་དབྱིབས་ཆགས་ཚུལ་དང་དོ་དམ་སྲུང་སྐྱོང་དཀའ་སླའི་ཚད་གཞི་སོགས་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ནས། མི་700ལྷག་ཙམ་ལས་གྲུབ་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་འཕྲལ་སྒྲུབ་རུ་ཁག་བཙུགས་ཡོད།

    སྔོ་ལྗང་མང་དུ་གཏོང་བ་དང་ལས་རིགས་དར་རྒྱས་མཉམ་དུ་གོང་འཕེལ་བཏང་ནས།

    “ནགས་ལས་ཀྱི་ཕན་འབྲས་ཆུང་བའི”གནད་དོན་བསལ་བ།

    སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསོག་ཚད་མང་དུ་གཏོང་རྒྱུ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་ངང་ནགས་བཟོ་དང་སྔོ་ལྗང་མང་དུ་བཏང་ཡོད། 2024ལོར་བྲག་ཡིབ་ཆུས་ཡོངས་སུ་ནགས་བཟོ་མུའུ་1800དང་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་1.9བྱས་ཏེ་ནགས་ཚལ་ཐོན་ཁུངས་ཀྱི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ནགས་ཚལ་ཐོན་ཁུངས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ནགས་ཚལ་སྐྱེ་ཁམས་ནུས་པ་ཆེ་རུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་གཞི་རྩའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་སྔོ་ལྗང་མང་དུ་ལས་ཉུང་དུ་མི་འགྲོ་བ་བྱས་ཡོད།

    ནགས་ལས་དཔལ་འབྱོར་སྟོབས་ཆེར་གཏོང་བའི་ཐད་བྲག་ཡིབ་ཆུས་ཀྱིས་རི་སྟེང་དང་རི་ལྡེབས་སུ་ཐོན་ལས་གཉེར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས། བར་མཐོངས་བེད་སྤྱོད་ནུས་ལྡན་དང་ཕན་འབྲས་རིང་ཐུང་ཟུང་འབྲེལ་གྱི་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི“ནགས་དཔོན་+”ཡི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་རིམ་བཞིན་ཆགས་ཡོད་པ་རེད། ཞིང་འབྲོག་སློབ་གླིང་དང་ཆེས་བྲིན་བོད་སྨན་ལ་བརྟེན་ནས་ནགས་ཁྲོད་དུ་ཀྲུང་ལུགས་སྨན་རྫས་ཀྱི་སྨན་རྒྱུ་འདེབས་འཛུགས་འཕེལ་རྒྱས་འོས་འཚམ་བཏང་བས། ད་ཆ་ནགས་ཁྲོད་ཤ་མོ་མུའུ་641.15དང་བོད་སྨན་སྨན་རྒྱུ་མུའུ་577.5ཡོད་པ་རེད། དེ་དང་ཆབས་ཅིག་མ་དངུལ་སྒོར་ཁྲི་194.98བཏང་ནས་སྦེ་པ་གྲོང་རྡལ་བཀྲ་ཏིག་གྲོང་ཚོར་བྲག་ཡིབ་ཆུས་ཀྱི་ནཌ་ཁྲོད་ཐོན་ཁུངས་འདེབས་འཛུགས་ཚོད་ལྟའི་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཏེ་བཟའ་བྱའི་ཤ་མོ་དང་། སྨན་རྒྱུ། རི་སྐྱེས་སྔོ་ཚལ་སོགས་རིགས་ཆེན་པོ་གསུམ་གྱི་སྣ་ཁ་29ཚོད་འདེབས་འཆར་འགོད་བྱས་པར་སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་ཕན་འབྲས་གཉིས་ཁེ་བྱུང་སྟེ“རི་སྔོན་ཆུ་དྭངས”“གསེར་རི་དངུལ་རིར”དངོས་འབྲེལ་འགྱུར་བའི་གྲོང་གསེབ་དར་རྒྱས་ཀྱི“ཕྱུག་འགྱུར་ལམ་བུར”བསྐྱོད་ཡོད།

    དག་ཐེར་དང་དྲིལ་བསྒྲཌ་མཉམ་དུ་བྱས་ནས།

    “ནགས་ཚལ་དང་རྩྭ་ཐང་བཅོས་སྐྱོང་བྱེད་དཀའ་བའི”གནད་དོན་བསལ་བ།

    གནད་དོན་ཤེས་རྟོགས་བྱུང་ཚེ་དག་ཐེར་དང་དྲིལ་བསྒྲགས་ལས་དོན་མཉམ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནགས་གཅེས་ནགས་སྲུང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ཞིང་། བྲག་ཡིབ་ཆུས་ཀྱིས་གནད་དོན་ཐོན་རིམ་བཞིན་དག་ཐེར་བྱེད་པ་དང་དུས་བཀག་ནང་མེད་པར་བཟོ་རྒྱུ་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་ཐོག་ནགས་ཚལ་གནད་དོན་གྱི་ཞིབ་བསྡུར་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། ཞིབ་བཤེར་གནད་ལ་འཁེལ་བ་དང་། དག་ཐེར་ཞིབ་ཚགས་བྱེད་པ། སྔ་ཙམ་མེད་པར་བཟོ་བ་བཅས་ཐུབ་པར་བྱས་ཡོད་པ་རེད། དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། རིམ་པ་ཁག་དང་རིགས་ཁག་གི་མཉམ་འདྲེས་སྨྱན་སྦྱོར་ལས་སྟེགས་ལ་བརྟེན་ནས་ནགས་ཚལ་མེ་ཟོན་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་དཔེ་མཚོན་གྱོད་གཞིའི་ཆ་འཕྲིན་ཁྲི་160དང་བརྙན་ཐུང་200ལྷག་ཙམ་བཏང་བར། ལྟ་ཀློག་བྱེད་མཁན་མི་ཐེངས་ཁྲི་90ལྷག་ཟིན་པ་དང་། དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་དང་། ས་གནས་ས་ཐོག་ཏུ་ངོ་སྤྲོད་བྱེད་པ། མེ་ཟོན་སྦྱར་ཡིག་དང་མེ་ཟོན་དྲིལ་བསྒྲགས་དར་ཆ་འགེལ་བ་སོགས་ཀྱི་རྣམ་པ་བརྒྱུད་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ལམ་སྲོལ་དང་། འཁོར་སྐྱོད་བྱེད་སྟངས། ལས་ཀའི་དམིགས་ཚད་བཅས་དྲིལ་བསྒྲགས་དང་། ནགས་ཚལ་མེ་སྐྱོན་སྔོན་འགོག་དང་མེ་གསོད་སྲོག་སྐྱོབ་དང་དེ་བཞིན་བདེ་འཇགས་ཉེན་གཡོལ་སྐོར་གྱི་རྒྱུན་ཤེས་དང་ནགས་ས་དང་འདམ་ར་སྲུང་སྐྱོང་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་པ་རེད། དེ་དང་ཆབས་ཅིག་ནགས་ཚལ་མེ་ཟོན་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས། མི་རྣམས་ཀྱི་ནགས་གཅེས་ནགས་སྲུང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་དང་སྦྲགས། 《ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དཔུང་ཁག་ལས་རིགས་ཅན་དང་ཆེད་ལས་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མེ་ཟོན་མེ་གསོད་ལས་དོན་ལ་རྒྱུན་རྣམ་དང་ཕུགས་ཕན་གྱི་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི(ཚོད་བསྟར)》བཟོས་ནས་དཔུང་ཁག་རེར་མི་80ནས་120བར་ཡོད་པའི་ཚད་གཞི་ལྟར། ཤང་དང་གྲོང་རྡལ་7དུ་འཕྲལ་སྡོམ་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཁག་བཙུགས་པ་དང་སྦྲགས། སྒོར་ཁྲི་465བཏང་ནས་ཆུ་གཏོར་རླངས་འཁོར་དང་། ནགས་ཚལ་མེ་ཟོན་སྦག་སྦག མེ་གསོད་ཕྱེ་སྐམ། ཆུ་འཐེན་འཕྲུལ་འཁོར། ཆུ་སྦུག སྤོ་བདེའི་ཆུ་རྫིང་། རྒྱབ་ཏུ་འཁུར་ཆོག་པའི་ཆུ་མདའ། སྣུམ་སྒུལ་སོག་ལེ་སོགས་ཚད་ལྡན་ཅན་གྱི་སྒྲིག་ཆས་ཉོས་ཏེ། སྐོར་སྲུང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།