དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཅང་སུའུ་ཡིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་པ།

    ལག་གདང་སྦྲེལ་ནས་འབད་འཐབ་བྱེད། ཉི་མ་ལྷ་ས་རབ་ཏུ་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-19

    འདི་ནི་ཅང་སུའུ་དང་ལྷ་སའི་གཟའ་འཁོར་སྐབས་དང་པོ་དང་ནན་ཅིང་དང་མལ་གྲོ་གུང་དཀར་གྱི་གཟའ་འཁོར་སྐབས་བཞི་པའི་འགོ་ཚུགས་ཀྱི་ཆེད་དོན་འཁྲབ་སྟོན་མཇུག་འགྲིལ་རྗེས་འཁྲབ་སྟོན་པས་མཉམ་པར་རྒྱག་བཞིན་པ།

    ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་གི་ཕྲུ་གུ་ཚོས་ཅང་སུའུ་ཡི་བོད་སྐྱོར་དགེ་རྒན་དང་མཉམ་དུ་རྩེད་མོ་རྩེ་བཞིན་པ།

    བོད་ཀྱི་དངོས་ཡོད་རིང་ལུགས་བརྗོད་གཞིར་བྱས་པའི་གསར་གཏོད་རོལ་དབྱངས་ཟློས་གར་ཐོག་མ《ནམ་མཁའ། ཕུགས་འདུན》ཅང་སུའུ་ནན་ཅིང་དུ་འཁྲབ་སྟོན་བྱེད་བཞིན་པ།

    “མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཆུ་ཤུར་རྫོང་ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོའི་མཛེས་ལྗོངས་ཡིན་པ།

    ལྷ་སའི་སྤུས་རྟགས་ཀྲུང་གོ(ཅང་སུའུ)རྙིང་ཁུངས་མིང་ཅན་དངོས་མང་སྟོན་ཚོགས་སྐབས་ལྔ་པར་འགྲེམས་སྟོན་བྱེད་པ།

    1994ལོར་ལྷ་སར་ཁ་གཏད་རོགས་སྐྱོར་བྱས་ཚུན། ཅང་སུའུ་ཞིང་ཆེན་གྱིས་ཁག་ཐེངས་བཅུ་ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་1021བཏང་བ་མ་ཟད། འཆར་གཞིའི་ནང་ནས་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་80ཙམ་བཏང་སྟེ་བོད་སྐྱོར་རྣམ་གྲངས་700ཙམ་ལེགས་སྒྲུབ་བྱས་པས། བོད་སྐྱོར་གྱི་མ་དངུལ་བསྡོམས་འབོར་དང་། རྣམ་གྲངས་སྤུས་ཚད། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པའི་གྲངས་འབོར་བཅས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཅང་སུའུ་ཡིས་བོད་སྐྱོར་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་བོད་སྐྱོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་50ལས་བརྒལ་བའི་ནང་80%ཡན་གཞི་རིམ་ལ་བཏང་ནས་དམངས་འཚོ་འགན་ལེན་དང་ལེགས་གཏོང་ཐད་སྤྱད་པར་བརྟེན་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་ཏེ། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཅང་སུའུ་ཡི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

    ཐོན་ལས་བོད་སྐྱོར་གྱིས།   ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།

    ཐོན་ལས་བོད་སྐྱོར་ནི་ཅང་སུའུ་ཡི་བོད་སྐྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན། ལོ་30ཡི་རིང་། ཅང་སུའུ་ཡིས་ཐོན་ལས་རོགས་སྐྲུན་དེ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཡོད། ཅང་སུའུ་དང་ལྷ་སས་རང་རེའི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་ཐོན་ལས་རྣམ་གྲངས་ལྟེ་བར་བྱེད་པ་དང་། གླིང་ཁུལ་འཛུགས་སྐྲུན་གཞི་རྟེན་དུ་བྱེད་པ། ཚོང་འགུགས་མ་འདྲེན་བྱ་ཐབས་སུ་བྱེད་པ། རོགས་སྐྱོར་བྱ་ཡུལ་གྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་པོས་ལྷ་སའི་ཐོན་ལས་རོགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ། ཅང་སུའུ་བོད་སྐྱོར་གྱིས་ནང་འདྲེན་བྱས་པའི་ཐོན་ལས་རྣམ་གྲངས་གལ་ཆེན་ཏེ། ལྷ་ས་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད། རྣམ་གྲངས་དེར“ཐོན་སྐྱེད་དང་གྲོང་ཁྱེར་མཉམ་འདྲེས་དང་། ཆང་དང་གྲོང་ཚོ་མཉམ་འདྲེས། ཆང་དང་ཡུལ་སྐོར་མཉམ་འདྲེས”བཅས་ཀྱི་འཕེལ་རྒྱས་བྱེད་ཐབས་སྤྱད་དེ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། ཞབས་ཞུ། ཕྱིར་ཚོང་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ནས་ཆང་ཐོན་ལས་སྐྱེ་ཁམས་གླིང་བཏོད་དེ་ནས་ཆང་དང་འབྲེལ་བ་ཡོད་པའི་འདེབས་འཛུགས་དང་། མ་འཇོག རིག་གནས། ཡུལ་སྐོར་སོགས་ཐོན་ལས་ཁྱུ་ཚོགས་ལ་སྣེ་ཁྲིད་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་རིམ་རྩིས་བྱས་ན། བོད་སྐྱོར་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་133དོན་འཁྱོལ་བྱས་པ་དང་། གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར་221.74ཟིན་པ། དམིགས་སར་མ་དངུལ་སྒོར་དུང་ཕྱུར་99.56འབྱོར་བ་བཅས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་ཡོད།

    དམངས་འཚོའི་བོད་སྐྱོར་གྱིས།   བདེ་སྐྱིད་ལྡན་པའི་ལྷ་ས་མཉམ་དུ་གཏོད་པ།

    ལོ་30ཡི་རིང་། ཅང་སུའུ་ཡིས་བོད་སྐྱོར་ལས་དོན་ཐད། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ནུས་ཤུགས་ཡོད་རྒུས་ལྷ་སའི་མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབས་ཡོད།

    ཉེ་བའི་ལོ་ཤས་རིང་། ཅང་སུའུ་ཡིས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། སྨན་བཅོས་ལག་རྩལ་གསར་པ་40ལྷག་ཙམ་ནང་འདྲེན་བྱེད་པ། “སེམས་སྐྱོབ་འདུ་འགོད”དང“འོད་ཟེར་བྱ་སྤྱོད”སོགས་སྨན་བཅོས་བོད་སྐྱོར་སྤུས་རྟགས་མུ་མཐུད་སྤེལ་བ། རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ། རོགས་སྐྱོར་བྱ་ཡུལ་སྨན་ཁང་ལ་སྒྲིག་སྲོལ་ལམ་ལུགས་འཛུགས་རོགས་བྱེད་པ། “གཅིག་གཏད་གཅིག”གི་བརྒྱུད་རོགས་ཁྲིད་གསུམ་གྱི་བྱེད་ཐབས་བརྒྱུད་རྐང་འཛིན་ཤེས་ལྡན་པ་གསོ་སྐྱོང་བཅས་བྱས་ཡོད། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ཚོགས་པའི་རོགས་རམ་འོག་ཅང་སུའུ་ཡིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྫོང་དང་ཆུས་ཀྱི་མི་དམངས་སྨན་ཁང་གི་སྨན་བཅོས་ཆུ་ཚད་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་ཡུལ་དུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱུང་ཡོད།

    རིག་གནས་སྤེལ་རེས་ཀྱིས།   མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་ཏུ་བཏང་བ།

    2023ལོའི་ཟླ་12པར། ཅང་སུའུ་དང་ལྷ་སའི་གཟའ་འཁོར་གྱི་བྱེད་སྒོ་སྐབས་དང་པོ་ཅང་སུའུ་རུ་གྲུབ་འབྲས་ཐོབ་པའི་ངང་གཉེར་ཞིང་། ལྷ་ས་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཅང་སུའུ་རུ་འཚམས་འདྲི་བྱས་ནས་ཚོང་འགུགས་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་། ས་གནས་གཉིས་ཀྱི་སྤུས་ལེགས་ཁེ་ལས་མཉམ་ལས། ལྷ་སའི་ཁྱད་ལྡན་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྟོན་བཅས་བྱས་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་རིག་རྩལ་ཚོགས་པ་དང་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་སོགས་སྡེ་ཁུལ་དུ་ཁྱབ་གདལ་བཏང་བར་བརྟེན་ཅང་སུའུ་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།

    ཉེ་བའི་ལོ་ཤས་རིང་། ཅང་སུའུ་དང་ལྷ་སའི་རིག་རྩལ་རིག་གནས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བཀྲག་མདངས་འཚེར་ཞིང་། ས་གནས་གཉིས་ཀྱི་རིག་རྩལ་ལས་དོན་པས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་དང་དཔྱད་གཞིར་འཛིན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར《ལྷ་སའི་བརྩེ་སེམས》ཅང་སུའུ་རུ་སྐོར་འཁྲབ་བྱས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། ལྷ་ས་གྲོང་ཁྱེར་གྱི་བོད་ཀྱི་ལོ་གསར་མཚན་ཚོགས་ཅང་སུའུ་རུ་འཁྲབ་སྟོན་དང་ཕབ་བཟོ་ཐེངས་དང་པོར་བྱས་པ། སུའུ་ཀྲོའུ་མཉམ་སྒྲོག་རོལ་དབྱངས་ཚོགས་པས་ལྷ་སའི་ལོ་གསར་གྱི་རོལ་དབྱངས་འདུ་ཚོགས་སུ་བོད་ཀྱི་ལྟད་མོ་བར་སྒྱུ་རྩལ་གྱི་གསོལ་སྟོན་གཟབ་རྒྱས་བཤམས་པ་བཅས་བྱས་ཡོད། རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་བརྟེན་ས་གནས་གཉིས་ཀྱི་མང་ཚོགས་ཀྱི་བརྩེ་སེམས་དེ་བས་ཟབ་ཏུ་ཕྱིན་ཡོད།

    ལོ་30ཡི་རིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ཅང་སུའུ་བོད་སྐྱོར་ལས་བྱེད་པའི་དཔུང་ཁག་གིས་མཉམ་དུ་ལག་གདང་སྦྲེལ་ནས་འབད་འཐབ་བྱས་པར་བརྟེན་ལྷ་སའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། དཔལ་འབྱོར་དར་རྒྱས་གོང་འཕེལ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།