དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆུ་བེད་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་མཱ་ཅང་ཧྥེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-19

    སྐྱ་མདའ་བཏང་མ་ཐག བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭའི་ལས་ཡུལ་དུ་ལས་གྲྭའི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་མཱ་ཅང་ཧྥེས་ནམ་རྒྱུན་ལྟར་རྣམ་གྲངས་ཀྱི་ཨར་སྐྲུན་འཕེལ་རིམ་ལ་ལྟ་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དོ་སྣང་བྱེད་དགོས་པའི་དོན་ཚན་བཀོད་སྒྲིག ལག་རྩལ་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བཅས་བྱེད་འགོ་ཚུགས།

    ད་ལོ་ནི་མཱ་ཅང་ཧྥེ་ལས་ཀར་ཞུགས་པའི་ལོ་དགུ་པ་རེད་ལ་ཁོང་ཨར་སྐྲུན་ལས་ཡུལ་དུ་ཡོང་བའི་ལོ་དགུ་པ་ཡང་རེད། 2015ལོར་སི་ཁྲོན་ཞིང་ལས་སློབ་ཆེན་ནས་ཐོན་རྗེས་མཐའ་མཚམས་འཛུགས་སྐྲུན་གྱི་སེམས་ཤུགས་ཆེན་པོ་བཅངས་ནས་མཱ་ཅང་ཧྥེ་གངས་ལྗོངས་ས་མཐོར་ཡོང་བ་ནས་བཟུང་བོད་ལ་འབྲལ་མི་ཕོད་པའི་བརྩེ་སེམས་ཆགས།

    མཱ་ཅང་ཧྥེས“ང་རང་རྟག་ཏུ་ཡུན་ནན་གྱི་ཕ་ཡུལ་དང་ནང་སའི་ཅུང་སྐྱིད་སྣང་དོད་པའི་འཚོ་བ་དྲན་གྱི་འདུག ཡིན་ནའང་བསམ་བློ་གཞན་ཞིག་ནས་བཏང་ན་བྱ་གཞག་འདི་བདམས་ཕྱིན་མགོ་མཇུག་ཡོད་ལ་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས་སྙམ་གྱི་འདུག”ཅེས་བཤད།

    ཀྲུང་གོ་ཆུ་གློག་རྨང་གཞི་ཅུས་ཚད་ཡོད་ཀུང་སིར་ལས་ཀ་བྱེད་སྐབས། མཱ་ཅང་ཧྥེ་ལའང་མི་མང་ཆེ་བ་དང་འདྲ་བར་དཀའ་གནད་མང་པོ་འཕྲད་མྱོང་ཡོད། སྟབས་ལེགས་པ་ཞིག་ལ་ཁོང་གི་དགེ་རྒན་འགན་ཧ་ཅང་འཁུར་པོ་ཡོད་པའི་ཁར་སོ་སོ་རང་ཉིད་ཀྱིས་ཀྱང་སེམས་ཆུང་ངང་བཀའ་སློབ་ཞུས་པས། ལས་ཀའི་བརྒྱུད་རིམ་དང་ལག་རྩལ་བཀོལ་སྤྱོད་སོགས་ཐད་རྒྱུས་མངའ་མགྱོགས་པོ་ལོན་ཏེ་ལྷོ་ཁ་གྲོང་ཁྱེར་སྐྱེད་པ་ཆུ་མཛོད་རྣམ་གྲངས་ཀྱི་ལག་རྩལ་དོ་དམ་ལས་དོན་མང་དག་ཅིག་རང་རྐྱ་འཕེར་པོས་ལེགས་སྒྲུབ་བྱས་པ་རེད།

    ལས་ཀར་ཞུགས་མ་ཐག་པའི་སེམས་ཤུགས་ལ་ཕྱིར་དྲན་བྱེད་སྐབས། མཱ་ཅང་ཧྥེས་སྤོབས་པ་ཆེན་པོས“སྐབས་དེ་དུས་ངས་རྨང་གཞི་ནས་སློབ་སྦྱོང་བྱེད་འགོ་བཙུགས་པ་ཡིན། ཉིན་མོ་བཟོ་པ་དང་མཉམ་དུ་ཕྱི་ངོས་གཙང་སེལ་སོགས་རྨང་གཞིའི་ལས་རིམ་སློབ་སྦྱོང་ལ་གཞོལ་བ་དང་དགོང་མོ་སོ་སོ་གཅིག་པུ་སྣུམ་སྙིགས་དང་ཨར་འདམ་བསྲེས་མའི་ལུགས་རྒྱག་ཨར་ལས་ཚད་གཞིར་ཞིབ་འཇུག་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་གཞིར་བཟུང་ལག་བསྟར་བྱེད་ཀྱི་ཡོད། ལོ་ཕྱེད་ལྷག་ཙམ་སློབ་སྦྱོང་བྱས་པ་བརྒྱུད་ངས་རྣམ་གྲངས་ཨར་སྐྲུན་ཐད་ངོས་འཛིན་གཏིང་ཟབ་བྱུང”ཞེས་བཤད།

    སྐྱེད་པའི་ཆུ་མཛོད་དང་། ཡར་ཀླུང་ཆུ་མཛོད། ཉིང་ཁྲིའི་ཆུ་ལམ་བཅོས་སྐྱོང་ལས་གྲྭ་བཅས་དང་། ལ་ལྷོ་ཆུ་བེད་ལྟེ་བ་དང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་དང་། DYཆུ་མཛོད། བར་རྩེ་ཆུ་མཛོད་ལྟེ་བ་དང་ལྷན་སྦྱར་ཆུ་འདྲེན་ཁུལ་གྱི་ལས་གྲྭ་སོགས་མཱ་ཅང་ཧྥེ་རང་ལྗོངས་ཀྱི་གཙོ་གནད་ཆུ་བེད་རྣམ་གྲངས་མང་པོའི་འཛུགས་སྐྲུན་ནང་ཞུགས་ནས་ཆུ་བེད་དང་ཆུ་གློག་ལས་གྲྭའི་ལག་རྩལ་དང་སྤུས་ཚད་དོ་དམ་གྱི་ལས་དོན་སྤེལ་ནས་སློབ་ཆེན་འགྲིམ་སྐབས་དཔེ་དེབ་ནས་སྦྱངས་པའི་ཤེས་བྱ་རེ་རེ་བཞིན་ལག་ལེན་དུ་བསྟར་ཏེ་རང་ཉིད་ཀྱི་དགའ་ཞེན་ས་མཐོར་རྩ་བ་ཚུགས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་བྱས་ཡོད།

    ལས་ཀར་ཞུགས་པ་ནས་བཟུང་། མཱ་ཅང་ཧྥེ་ལ་རྒན་རབས་པ་མང་པོའི་རོགས་རམ་ཐོབ་མྱོང་ཡོད། དེའི་ཐད་ཁོང་གིས་བཀའ་དྲིན་སེམས་དབུས་སུ་བཅངས་ནས་རྒྱུན་གཏན་འཚོ་བའི་ཁྲོད་དུའང་སྲོལ་བཟང་དེ་རྒྱུན་བསྐྱངས་ཡོད། བར་རྩེ་རྣམ་གྲངས་ལས་གྲྭ་པུའུ་རུ་ལས་ཀར་ཞུགས་མ་ཐག་པའི་ལས་བཟོ་མང་པོ་ཡོད་པ་དང་། ལག་རྩལ་སོགས་སྦྱོང་འདོད་ཀྱི་སྐོམ་པ་ཆུ་འདོད་ལྟར་གྱི་མིག་ཟུང་རེ་རེ་མཐོང་སྐབས། མཱ་ཅང་ཧྥེས་སྔོན་ཆད་ཀྱི་སོ་སོ་རང་ཉིད་ཀྱང་འདི་ལྟ་བུ་ཡིན་པར་སྙམ་སྟེ་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་ནས་སྤུས་ཚད་དོ་དམ་དང་ཞིབ་བཤེར་སོགས་ཐད་ཀྱི་རང་ཉིད་ཀྱི་ཉམས་མྱོང་ངང་རྒྱུད་རིང་པོས་སློབ་ཀྱི་ཡོད། མ་ཟད་ཁོང་གིས་ད་དུང་ལས་བཟོ་གསར་པར་གདེང་འཇོག་གང་ལེགས་བྱས་ཏེ་ཁོ་ཚོའི་མི་མངོན་པའི་འཇོན་ཐང་སྔོག་འདོན་བྱས་ནས་ཀུང་སི་དང་རྣམ་གྲངས་པུའུ་ལ་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་བྱེད་ཀྱི་ཡོད།

    ལས་ཀར་ཞུགས་ཚུན། མཱ་ཅང་ཧྥེས་དཔྱད་རྩོམ་8དང་། ཁེ་བེད་བདག་ཐོབ་5 QCགྲུབ་འབྲས་4བཅས་ལེགས་སྒྲུབ་བྱས་པར་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་ཀྱང་ཁོང་གིས་བློ་ཡིད་ཚིམས་ནས་མ་བསྡད་པར་ཡག་ཐོག་ཡག་བརྩེགས་ཡོང་ཕྱིར་ལག་ལེན་དངོས་ལ་བརྟེན་ནས་ཤེས་རྒྱ་ཟམ་མི་ཆད་པར་ཡངས་སུ་གཏོང་བ་དང་རིམ་པ་དེ་བས་གཏིང་ཟབ་པའི་ལག་རྩལ་གྱི་ཁྱབ་ཁོངས་འཚོལ་ཞིབ་ཧུར་ཐག་བྱས་པར་ཉེ་འགྲམ་གྱི་འགོ་ཁྲིད་དང་ལས་རོགས་ཀྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད། ལོ་8རིང་མཱ་ཅང་ཧྥེར“ཕུལ་བྱུང་ཏང་ཡོན”དང་། “ལག་རྩལ་དོ་དམ་གྱི་སྔོན་ཐོན་མི་སྒེར” “ཕུལ་བྱུང་གཞོན་ནུ” “སྔོན་ཐོན་ལས་དོན་པ”སོགས་ཀྱི་བྱ་དགའ་མང་པོ་ཐོབ་མྱོང་ཡོད།

    དུས་ཀྱི་མདའ་མོ་སྐད་ཅིག་ཉིད་དུ་བཞུད་པ་དང་ཆབས་ཅིག་མཱ་ཅང་ཧྥེའི་རྐང་རྗེས་ལྷོ་ཁ་དང་། ཉིང་ཁྲི། མངའ་རིས། གཞིས་རྩེ་བཅས་སུ་ཁྱབ་སྟེ་གྲོང་ཁྱེར་ཁག་གི་ཆུ་བེད་བྱ་གཞག་ལ་ཁོང་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་སྐྱེས་སུ་འབུལ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།