དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.0%འཕར་བ།

    རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-18

    ཟླ་7ཚེས་15ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། ཞིབ་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་སྟོད་དུ། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར་616836ཟིན་པ་དང་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་5.0%འཕར་ཡོད། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་སླར་གསོ་བྱུང་བ་དང་། འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་བཞིན་ཡོད་པ་རེད།འདི་ནི་ཧོ་ནན་སན་མོན་ཞ་ལིང་པའོ་གྲོང་ཁྱེར་གྱི་གྲོ་ཞིང་ནང་འཕྲུལ་འཁོར་གྱིས་གྲོ་བརྔ་བཞིན་པ།

    ཚེས་15ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་དོན། ཞིབ་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་སྟོད་དུ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་616836ཟིན་པ་དང་། འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་5.0%འཕར་ཡོད། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་སླར་གསོ་ཡག་པོ་ཐུབ་ནས་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་ཡོད་པ་རེད།

    ཐོན་ལས་ཆེན་པོ་གསུམ་ནས་བལྟས་ན། དབྱར་འབྲུར་སླར་ཡང་ལོ་ལེགས་དང་། བཟོ་ལས་ཐོན་སྐྱེད་འཕར་སྣོན་ཅུང་མགྱོགས་པོ། ཞབས་ཞུའི་ལས་རིགས་མུ་མཐུད་སླར་གསོ་བཅས་བྱུང་ཡོད། ལོ་སྟོད་དུ་ཞིང་ལས(འདེབས་འཛུགས་ལས་རིགས)ཀྱི་འཕར་ཐང་དུས་མཚུངས་ལས་4.0%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་6.0%འཕར་བ་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་7.8%འཕར་བ། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་8.7%འཕར་བ་བཅས་བྱུང་ནས་འཕར་ཚད་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ལས་བརྒྱ་ཆའི་གྲངས་1.8དང་བརྒྱ་ཆའི་གྲངས་2.7མགྱོགས་པ་ཡོད། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་4.6%འཕར་ཡོད་པ་རེད།

    མ་འཇོག་གཞི་ཁྱོན་རྒྱ་ཆེར་ཕྱིན་ནས་ལག་རྩལ་མཐོ་བའི་ཐོན་ལས་ལ་མ་དངུལ་གཏོང་མགྱོགས་སུ་ཕྱིན་ཡོད། ལོ་སྟོད་དུ། རྒྱལ་ཡོངས་སུ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད(ཞིང་དུད་ཚུད་མེད)སྒོར་དུང་ཕྱུར་245391ཟིན་པ་དེ་དུས་མཚུངས་ལས་3.9%འཕར་ཡོད། ས་ཁང་བདག་ཁོངས་གསར་སྤེལ་ལ་མ་དངུལ་བཏང་བ་ཕུད་མ་དངུལ་གཏོང་ཚད་དུས་མཚུངས་ལས་8.5%འཕར་ཡོད། ལག་རྩལ་མཐོ་བའི་ཐོན་ལས་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་10.6%འཕར་བ་དང་། དེའི་ནང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་10.1%དང་11.7%སོ་སོར་འཕར་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ནང་མཁའ་འགྲུལ་དང་། འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་དང་། རྩིས་འཁོར་དང་དེ་བཞིན་གཞུང་ལས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་38.3%དང་12.1%སོ་སོར་འཕར་ཡོད། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ནང་དྲ་ཐོག་ཚོང་དོན་ཞབས་ཞུའི་ལས་རིགས་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཞབས་ཞུའི་ལས་རིགས་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་24.1%དང་17.4%སོ་སོར་འཕར་ཡོད་པ་རེད།

    ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཅུང་མགྱོགས་པོ་འཕར་ནས་ཚོང་དོན་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ལོ་སྟོད་དུ་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་211688ཟིན་པ་དེ་དུས་མཚུངས་ལས་6.1%འཕར་བ་དང་། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་121298ཟིན་པ་དེ་དུས་མཚུངས་ལས་6.9%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་90390ཟིན་པ་དེ་དུས་མཚུངས་ལས་5.2%འཕར་ཡོད་པ་རེད།

    གྲོང་མིའི་ཡོང་འབབ་མུ་མཐུད་འཕར་ཡོད། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་20733ཟིན་པ་དེ་དུས་མཚུངས་ལས་5.4%མིང་ཐོག་འཕར་བ་དང་། རིན་གོང་གི་རྒྱུ་རྐྱེན་ཕུད་རྗེས་དངོས་སུ་5.3%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།