དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆུ་བེད་པུས་ཧྲའན་ཀན་ས་ཁུལ་ལ་དམིགས་ནས་ཆུ་ལོག་འགོག་སྲུང་གི་རིམ་པ་IVཡི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་དེའི་ཆུ་ཚོད་18ཐོག་ཆུ་བེད་པུའུ་ཡིས་ཧྲའན་ཤིས་དང་ཀན་སུའུ་ཞིང་ཆེན་གཉིས་ལ་དམིགས་ནས་ཆུ་ལོག་འགོག་སྲུང་གི་རིམ་པ་IVཡི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་ཏེ། ཞིང་ཆེན་གཉིས་ཀྱི་དྲག་ཆར་འབབ་ཁུལ་གྱི་རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་དང་དེ་བཞིན་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་འགོག་སྲུང་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཆུ་བེད་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་འབྱུང་འགྱུར་ཆུ་ཚོད་24ཡི་ནང་རི་ཉིལ་བ་དང་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་ཉེན་ཁའི་སྔོན་བརྡར་དབྱེ་ཞིབ་བྱས་འབྲས་ལ་གཞིགས་ན། ཚེས་16ཉིན་གྱི་ཆུ་ཚོད་20ནས་ཚེས་17ཉིན་གྱི་ཆུ་ཚོད་20བར་ཧྲའན་ཤིས་ལྷོ་རྒྱུད་ཀྱི་ཨན་ཁང་དང་། པའོ་ཅི། ཧན་ཀྲུང་། ཧྲང་ལུའོ། ཤིས་ཨན་བཅས་དང་དེ་བཞིན་ཀན་སུའུ་ཡི་ལུང་ནན་སོགས་གྲོང་ཁྱེར་གྱི་རྫོང་དང་ཆུས་21ལི་མདོག་གི་སྔོན་བརྡའི་རིམ་པར་སླེབས་པ་མ་ཟད། ཉེ་དུས་ད་དུང་དྲག་ཆར་འབབ་རྒྱུ་ཡིན་པ་རེད། གཞན་ཡང་དྲག་ཆར་འབབ་ཁུལ་དང་རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་ཐོན་སླ་བའི་ཁུལ་སྤྱིར་ན་ས་ཆ་གཅིག་ལ་འཁེལ་བས། རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་ཐོན་པའི་ཉེན་ཁ་ཅུང་ཆེན་པོ་ཡོད་པ་རེད།

    ཆུ་བེད་པུས་འབྲུབ་ཆུའི་གནས་ཚུལ་བརྡ་ཁྱབ་བཏང་བར། ཧྲའན་ཤིས་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ཆུ་བེད་སྡེ་ཚན་གྱིས་དྲག་ཆར་འབབ་པའི་བརྒྱུད་རིམ་ལ་ལྟ་ཞིབ་ནན་པོ་བྱས་ཏེ། ལུང་ཤུར་དང་ཆུ་ཡུར་འདུས་སྡོད་ཁུལ་དང་། ཨར་ལས་ཁུལ། ལུང་གཞུང་མཛེས་ལྗོངས་ཁུལ། ཟམ་པའི་སྟོད་སྨད་སོགས་ཆུ་ལོག་གི་ཉེན་ཁའི་གནས་དང་ས་ཁོངས་ལ་དམིགས་ནས་ཆུ་ལོག་གི་གནོད་འཚེའི་སྔོན་བརྡའི་ཚད་གཞི་དུས་ཐོག་ཏུ་བསྐྱར་ཞིབ་དང་ལེགས་སྒྲིག་གིས་སྔོན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་གཞི་རིམ་གྱི་འཐབ་ས་དང་པོའི་འགན་འཁུར་བ་དང་ཉེན་ཁ་འཕྲད་པའི་ས་ཁུལ་གྱི་མང་ཚོགས་ལ་བརྒྱུད་སྤྲོད་བྱེད་དགོས། “སུས་སྒྲིག་འཛུགས་དང་། སུ་གནས་སྤོ། ག་དུས་གནས་སྤོ། གང་དུ་གནས་སྤོ། རང་དགར་ཕྱིར་མི་ལོག་པ”བཅས་གནད་འགག་གི་ལྷུ་ཚིགས་ལྔ་དོན་འཁྱོལ་ནན་པོ་བྱས་ཏེ། གཞི་རིམ་སྲིད་གཞུང་ལ་འཕྲལ་ཐག་ཆོད་པོས་ཉེན་ཁ་ཆེ་བའི་ཁུལ་གྱི་མི་སྣ་གནས་སྤོ་ཕྱིར་འཐེན་སྒྲིག་འཛུགས་བྱེད་རྒྱུའི་བརྡ་གཏོང་དགོས་ཤིང་། གནས་སྤོ་ཉེན་གཡོལ་གྱི་བདེ་འཇགས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རང་དགར་ཕྱིར་ལོག་གཏན་འགོག་བྱ་རྒྱུའི་འདུན་ཞུ་བྱེད་དགོས། དུས་མཚུངས་སུ་འབྲུབ་དུས་མཇུག་མ་འགྲིལ་བར་དུ་ཆུ་མཛོད་བདེ་འཇགས་དང་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་འགོག་སྲུང་སོགས་ཀྱི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།