དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧོ་པེར་བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུའི་འཁོད་སྐྱོད་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-18

     ཉིན་ཤས་གོང་། ཧོ་པེ་ཞིང་ཆེན་ཚོང་དོན་ཐིང་སོགས་སྡེ་ཚན་ལྔ་ཡིས《ཧོ་པེ་ཞིང་ཆེན་གྱི་བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུའི་འཁོར་སྐྱོད་ཤར་གཏོང་བྱ་ཐབས་དྲུག》བཀྲམ་ནས“རྙིང་བསྡུ”དང“གསར་བརྗེའི”འཁོར་འབྲེལ་མ་ལག་སྔར་བས་ཤར་གཏོང་བྱས་པ་རེད།

    བྱ་ཐབས་གཞིར་བཟུང་། ཧོ་པེས་བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུའི་རླངས་འཁོར་ལམ་དུ་བསྐྱོད་པར་སྟབས་བདེ་བསྐྲུན་ཞིང་། ལམ་དུ་བསྐྱོད་པའི་ཆ་རྐྱེན(ལག་ཁྱེར་ཆ་ཚང་བ)འཛོམས་པའི་ཚུར་བསྡུའི་རླངས་འཁོར་གྱི་སྒྲིག་ཆས་དང་། སྐྱོད་སའི་ས་ཁོངས། ལམ་དུམ་སོགས་ཀྱི་ཐད་ནས་ཚད་ལྡན་དུ་བཏང་བ་དང་འབྲེལ་རྒྱབ་སྐྱོར་བྱས་ཡོད། ཚུར་བསྡུའི་ཁེ་ལས་ཀྱི་མི་སྣས་སྒོ་རྩར་བསྐྱོད་ནས་ཚུར་བསྡུ་བྱེད་པར་སྟབས་བདེ་བསྐྲུན་ཞིང་། ཁྲོམ་གཞུང་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཚད་ལྡན་ཅན་གྱི་ཚུར་བསྡུའི་ཁེ་ལས་ཁུལ་ཆུང་དུ་བསྐྱོད་ནས་སྒོ་རྩར་ཚུར་བསྡུ་དང་ཚུར་བསྡུའི་དྲ་ཚིགས་བཀོད་སྒྲིག་བྱེད་པ་སོགས་ཚུར་བསྡུའི་གཉེར་སྐྱོང་ལས་ཀར་རྒྱབ་སྐྱོར་བྱས་པ་དང་འབྲེལ་ཕུགས་ཕན་གྱི་མཉམ་ལས་ལམ་སྲོལ་འཛུགས་པར་སྐུལ་འདེད་བཏང་ཡོད། ཚུར་བསྡུའི་ཞབས་ཞུའི་དྲ་ཚིགས་འཛུགས་པའི་ཆ་རྐྱེན་འཛོམས་མེད་པའི་སྡེ་ཁུལ་དུ་ཚུར་བསྡུའི་ཁེ་ལས་ཀྱིས“སྒོ་སྡོམ་རྣམ་པ་དང་སར་མི་འཇོག་པའི”བླང་བྱ་གཞིར་བཟུང“རླངས་འཁོར་གྱིས་མཛོད་ཀྱི་ཚབ་བྱེད་པའི”བྱེད་ཐབས་སྤྱད་ནས་ཚུར་བསྡུའི་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱས་ཡོད། ཚུར་བསྡུའི་ཁེ་ལས་ཀྱིས“དྲ་སྦྲེལ+སྒོ་རྩར་ཚུར་བསྡུ”དང་། “དྲ་སྦྲེལ+ཚུར་བསྡུའི་སྒོ་རྩིས་ཚོང་ཁང”“དྲ་སྦྲེལ+ཉིས་བརྒྱུད་ཚུར་བསྡུ”སོགས་ཚུར་བསྡུའི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

    བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུའི་དྲ་ཚིགས་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་སྤྱོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུའི་སྒྲིག་བཀོད་དེ་ས་གནས་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ས་སྤྱོད་ཁྱབ་ཁོངས་སུ་བཅུག་སྟེ་ལུགས་མཐུན་གྱི་ས་སྤྱོད་དགོས་མཁོ་འགན་ལེན་བྱས་ཡོད། ཚུར་བསྡུའི་ཁེ་ལས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་ས་སྤྱོད་དང་། མཛོད་ཉར་ཟོག་འགྲེམས་ཀྱི་ས་སྤྱོད། གླིང་ཁུལ་སྣ་ཚོགས་ཀྱི་བཟོ་ཁང་སྟོང་པ་སོགས་རྨང་གཞིའི་སྒྲིག་བཀོད་སྤྱད་དེ་ཚུར་བསྡུའི་ལས་སྒོ་གཉེར་རྒྱུར་ལྕག་སྐུལ་བྱས་ཡོད། བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུའི་ལས་རིགས་ཀྱི་ཁྲལ་བསྡུའི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་དང་། ཐོན་ཁུངས་ཚུར་བསྡུའི་ཁེ་ལས་ཀྱིས་བེད་མེད་ཐོན་རྫས་འཚོང་མཁན་ལ་འཛིན་ཤོག་སྤྲོད་པའི་བྱེད་ཐབས་དང་དེ་བཞིན་ཐོབ་ཁྲལ་བསྡུ་བའི་ལེ་ལག་བྱེད་ཐབས་དོན་འཁྱོལ་དང་ཁྱབ་གདལ་བཏང་སྟེ་ཁྲལ་བསྡུ་དོ་དམ་གྱི་ཚད་གཞི་དང་བྱེད་ཐབས་ལེགས་སྒྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།