དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཆུ་ཚོད་144རིང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྤྱོད་འཐུས་ཀྱི་ཀྲུང་གོའི་འགག་སྒོ་37བར་མང་དུ་ཕྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་སྤྱི་བསྒྲཌ་སྤེལ་ནས། ཀྲེང་ཀྲོའུ་ཤིན་ཀྲེང་རྒྱལ་སྤྱིའི་གནམ་ཐང་དང་། ལི་ཅང་སན་དབྱི་རྒྱལ་སྤྱིའི་གནམ་ཐང་། མོ་ཧན་ལྕགས་ལམ་འགག་སྒོ་བཅས་འགག་སྒོ་3ཆུ་ཚོད་144ཡི་རིང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྤྱོད་འཐུས་ཀྱི་འགག་སྒོར་གཏན་འཁེལ་བྱས་ཡོད། དེས་ན་ཆུ་ཚོད་144ཡི་རིང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྤྱོད་འཐུས་ཀྱི་ཀྲུང་གོའི་འགག་སྒོ་37བར་མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།