དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཉེན་རྟོག་རུ་ཁག་ཁ་རེ་ཤེ་ཡར་བསྐྱོད་ནས་ཉེན་དོན་མཉམ་འབྲེལ་གྱི་སྐོར་གཡེང་ལས་འགན་ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-18

     ཉིན་ཤས་གོང་། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཁ་རེ་ཤེ་ཡའི་རྒྱལ་ཁབ་ཉེན་རྟོག་སྤྱི་ཁྱབ་ཅུས་ཀྱི་གདན་ཞུས་ལྟར་སྤྱི་བདེ་པུའུ་ཡིས་སྣེ་ཁྲིད་དེ་བཙུགས་པའི་2024ལོའི་ཀྲུང་ཁའི་ཉེན་དོན་མཉམ་འབྲེལ་སྐོར་གཡེང་གི་ཀྲུང་གོའི་ཉེན་རྟོག་རུ་ཁག་གིས་ཀྲུང་གོའི་སྤྱི་བདེ་ལས་ཁུངས་ཀྱི་ཚབ་ཞུས་ནས་ཁ་རེ་ཤེ་ཡར་མཉམ་འབྲེལ་སྐོར་གཡེང་ལས་འགན་སྒྲུབ་པར་བསྐྱོད་ཡོད། མཉམ་འབྲེལ་སྐོར་གཡེང་ཉེན་རྟོག་རུ་ཁག་དང་བཅས་པ་མི་8 ཟླ་7ཚེས་15ཉིན་ཁ་རེ་ཤེ་ཡར་བསྐྱོད་པ་དང་མིག་སྔར་དུས་འགོའི་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་ཡོད།

    མཉམ་འབྲེལ་སྐོར་གཡེང་བྱེད་རིང་། ཀྲུང་ཁ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་སྐོར་གཡེང་རུ་མིས་མཉམ་བསྲེས་རུ་ཁག་སྒྲིག་འཛུགས་བྱས་ཏེ་ཟག་རེབ་དང་། ཏུའུ་པུའུ་ལུའོ་ཧྥུའུ་ཉི་ཁོ། ཀྲ་ཏར། ཕུའུ་ལི་ཐེ་ཝུའེ་ཚའེ་མཚེའུ་རྒྱལ་ཁབ་སྤྱི་གླིང་སོགས་སུ་ཟླ་བ་གཅིག་རིང་གི་མཉམ་འབྲེལ་སྐོར་གཡེང་ལས་དོན་སྤེལ་རྒྱུ་ཡིན་པ་རེད། ཀྲུང་གོའི་ཉེན་རྟོག་རུ་ཁག་གིས་ཁ་རེ་ཤེ་ཡ་ཕྱོགས་ལ་རོགས་རམ་བྱས་ནས་ཁ་རེ་ཤེ་ཡར་སྡོད་མཁན་ཀྲུང་གོའི་སྤྱི་དམངས་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འབྲེལ་ཡོད་བདེ་འཇགས་ཀྱི་རེ་འདུན་ཐག་གཅོད་བྱས་ནས། བདེ་འཇགས་ཀྱི་ཡུལ་སྐོར་ཁོར་ཡུག་ཐུན་མོང་ཐོག་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།