དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཐབས་མང་སྤྱད་ནས་དབུལ་སྒྲོལ་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་དམངས་ཕྱུག་ལམ་བུ་ཡངས་སུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-18

    ཟླ་7ཚེས་12ཉིན་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཁྱབ་བསྒྲགས་བྱས་པར། མིག་སྔར་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་མི་འབོར(ལྟ་ཞིབ་ཚད་ལེན་བྱ་ཡུལ་ཚུད་པ)གྱི་ལས་མི་ཁྲི་20.94ཟིན་ནས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་117%དང་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་གྱི་104.7%ལེགས་གྲུབ་བྱུང་བ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྒྲོལ་མི་འབོར་གྱི་ལས་མི་ཁྲི་5.08ལས་ཞུགས་ཐུབ་ནས་དམིགས་ཚད་ལས་འགན་གྱི་118%ལེགས་གྲུབ་བྱུང་ཡོད་པ་རེད།

    འདི་ལོ་ནས་བཟུང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས“གསོག་ཚད་བརྟན་དུ་གཏོང་བ་དང་། འཕར་ཚད་མང་དུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ”བཅས་ཀྱི་སྤྱིའི་བླང་བྱ་དང་ཞིབ་བསྡུར་ནན་ཏན་བྱས་ཏེ། དབུལ་སྒྲོལ་མི་འབོར་ལས་ཞུགས་ཀྱི“ཁག་གཅིག་རེ་དྲུག”གི་བྱ་ཐབས་ཁག་དོན་འཁྱོལ་ལ་དམ་པོར་དམིགས་ནས་དབུལ་སྒྲོལ་མི་འབོར་གྱི་ལས་གནས་བརྟན་པོ་དང་ལས་ཞུགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ལས་ཞུགས་ཡོང་འབབ་རྒྱུན་མཐུད་འཕར་བ། ལས་ཞུགས་ཀྱི་བརྟན་པོའི་རང་བཞིན་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་ལས་ཞུགས་བྱེད་པའི་ཆ་སྙོམས་དུས་ཡུན་ཉིན་118ཡིན་པ་དང་ཆ་སྙོམས་ཟླ་རེའི་གླ་ཆ་སྒོར་2203.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས“གཉིས་འཕར”བྱུང་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་རོགས་སྐྱོར་འཁོར་ཁང(བཟོ་ཁང)753ལ་ལས་མི་ཁྲི་2.2བསྡུས་པའི་ནང་དབུལ་སྒྲོལ་མི་འབོར་6621ཡོད་པ་རེད། མི་རེར་ཆ་སྙོམས་སྒོར་1000གི་ཚད་གཞི་གཞིར་བཟུང་ཞིང་ཆེན་བསྒྲལ་ནས་ལས་ཀར་ཡོང་མཁན་དབུལ་སྒྲོལ་མི་འབོར་7854ལ་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་སྤྲད་པ་རེད། ཁག་དང་པོའི་ཞིང་ཆེན་རིམ་པའི་གྲོང་གསེབ་ཀྱི་ལག་ཤེས་པ་དང་གྲོང་གསེབ་ཀྱི་ལག་ཤེས་པའི་དགེ་རྒན་གྲགས་ཅན་92གཏན་འཁེལ་བྱས་པ་དེས་ཞིང་འབྲོག་པ་4075ལས་གཏོད་ལས་ཞུགས་བྱེད་པར་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་པའི་ནང་དབུལ་སྒྲོལ་མི་འབོར་874ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།