དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཐབས་མང་མཉམ་སྤྱོད་ཀྱིས་དབྱར་གསེང་རིང་གི་སློབ་ཕྱིའི་གསོ་སྦྱོང་ལ་ལྟ་འདོམས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-18

     དབྱར་གསེང་སླེབས་ནས་སློབ་ཚན་མིན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་གི་ཚ་རླབས་འཕྱུར་ཞིང་། རྒྱལ་ཁབ་ཀྱི“གཉིས་ཡང”སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ནས་རིག་གནས་སྒྱུ་རྩལ་རིགས་དང་ཞིབ་འཇུག་སློབ་སྦྱོང་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་བྱ་སྤྱོད་རྒྱུན་མཐུད་ཚད་ལྡན་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཐབས་མང་མཉམ་སྤྱོད་བྱས་ནས་ལས་རིགས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག དོ་དམ་ཞབས་ཞུ་ཏན་ཏིག་བསྒྲུབས་ཏེ་ཞིང་ཆེན་ཡོངས་ཀྱི་རིག་གནས་སྒྱུ་རྩལ་རིགས་དང་ཞིབ་འཇུག་སློབ་སྦྱོང་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ཁྲོམ་ར་བརྟན་ལ་གོ་རིམ་ལྡན་པའི་འགན་ལེན་བྱས་ཤིང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་ཁྲིམས་སྒྱུར་མི་སྣ་མི་ཐེངས་1680མངགས་ནས་ཞིང་ཆེན་ཡོངས་ཀྱི་རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་219ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་དང་། ཤེས་རྟོགས་བྱུང་བའི་གནད་དོན་དང་མངོན་མེད་རྐྱེན་ངན་འཕྲལ་དུ་དག་ཐེར་བྱེད་པར་ལྟ་སྐུལ་བྱས་པ་རེད།

    ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། དྲང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། རང་འགུལ་ངང་སྔོན་ཚུད་ཞབས་འདེགས་ཞུ་བ་བཅས་བྱས་ཐོག“སྔོན་ལ་ཆོག་འཐུས་ལག་ཁྱེར་དང་རྗེས་སུ་ལས་གཉེར་ལག་ཁྱེར་སྤྲོད་པ། གནས་ཡུལ་རེར་ཞིབ་བཤེར་རེ་བྱེད་པའི”རྩ་དོན་དང་། 《མཚོ་སྔོན་ཞིང་ཆེན་གྱི་རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་བཀོད་སྒྲིག་ཚད་གཞི(ཚོད་བསྟར)》དང《མཚོ་སྔོན་ཞིང་ཆེན་གྱི་ཞིབ་འཇུག་སློབ་སྦྱོང་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་བཀོད་སྒྲིག་ཚད་གཞི(ཚོད་བསྟར)》སོགས་ཡིག་ཆའི་བླང་བྱ་ལྟར། འཛུལ་སའི་འགག་སྒོ་ནན་པོ་བསྲུངས་ནས་འོས་ཐོབ་ཞིབ་བཤེར་མཆན་འགོད་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཤིང་། མིག་སྔའི་བར། སྔ་རྗེས་སུ་ཁག་ཐེངས་བཞིའི་ནང་རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་334དང་ཞིབ་འཇུག་སློབ་སྦྱོང་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་4ལ་ཞིབ་བཤེར་མཆན་འགོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།