དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་ཆེན་པོ་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-18

    འདི་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྒྱུ་རྩལ་ཚོགས་པས་ཞབས་བྲོ《སྐྱིད་པའི་རྫི་བོ》འཁྲབ་བཞིན་པ།

    ཟླ་7ཚེས་15ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་དགོང་མོའི་ཆུ་ཚོད་8པར། རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཟློས་གར་ཁང་དུ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་ཆེན་པོའི་དམངས་ཁྲོད་འཁྲབ་སྟོན་ཚོགས་པའི་མཐའ་བསྡུར་དང་རྫོང་དང་ཆུས་ཀྱི་སྒྱུ་རྩལ་ཚོགས་པའི་མཐའ་བསྡུར་བྱས་ཤིང་། ཐོག་མའི་འགྲན་བསྡུར་དང་གྲ་སྒྲིག་འགྲན་བསྡུར་བྱས་རྗེས་འགྲན་བསྡུར་གཉིས་པོའི་ཁྲོད་ནས་བདམས་ཐོན་བྱུང་བའི་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་7དང་རྫོང་དང་ཆུས་ཀྱི་སྒྱུ་རྩལ་ཚོགས་པ་7གྱིས་མཐའ་མཇུག་གི་འགྲན་བསྡུར་བྱས་ཤིང་། འགྲན་ཞུགས་བདམས་ཐོན་པས་སྤྲོ་སེམས་ཆེན་པོ་དང་ངོ་མཚར་ཆེ་བའི་ཞབས་བྲོའི་སྟངས་སྟབས་ལ་བརྟེན་ནས་བྱ་དགའ་བརྩོན་ལེན་ཧུར་ཐག་བྱས་པ་མ་ཟད། དེ་གར་ཡོད་པའི་ལྟད་མོ་བ་རྣམས་ལའང་མིག་གི་སྟོན་མོ་གཟབ་རྒྱས་བཤམས་ཡོད།

    མཐར་ལྷ་ས་ཡོན་ཏ་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཚད་ཡོད་ཀུང་སིས་འཁྲབ་པའི་སྒྲ་སྙན་ཞབས་བྲོ《གོམ་ཞེང་ཆེན་པོས་དུས་རབས་གསར་པར་བསྐྱོད》ཅེས་པས་སེམས་ཤུགས་འཕེལ་བའི་བརྗོད་དོན་གཙོ་བོ་དང་། ཁྱད་དུ་འཕགས་པའི་ཞབས་བྲོའི་སྟངས་སྟབས། ཆེད་ལས་ཀྱི་ཡུལ་དངོས་ཀྱི་འཁྲབ་སྟོན་བཅས་ལས་ད་ཐེངས་ཀྱི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་ཆེན་པོའི(དམངས་ཁྲོད་འཁྲབ་སྟོན་ཚོགས་པའི)གསེར་གྱི་བྱ་དགའ་བླངས་པ་དང་། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྒྱུ་རྩལ་ཚོགས་པས་འཁྲབ་པའི་ཞབས་བྲོ《སྐྱིད་པའི་རྫི་བོ》དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་ཆེན་པོའི(རྫོང་དང་ཆུས་ཀྱི་སྒྱུ་རྩལ་ཚོགས་པའི)མཐའ་བསྡུར་གྱི་ཨང་དང་པོ་བླངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།