དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཏང་བའི་གསར་བཙུགས་ཁེ་ལས་ཀྱི་གྲངས་འབོར་དུས་མཚུངས་ལས་14.2%འཕར་བ།

    ཕྱི་རྒྱལ་གྱི་མ་དངུལ་འགུགས་ཁྱོན་སྒོར་དུང་ཕྱུར་5000ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-17

    ཉེ་ཆར་ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ། རང་རྒྱལ་དུ་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཏང་བའི་གསར་བཙུགས་ཁེ་ལས་26870ཟིན་པ་དེ་དུས་མཚུངས་ལས་14.2%འཕར་ཡོད་པ་རེད།

    2013ལོ་ནས་2022ལོ་བར། རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་ཁྱོན་མི་དམངས་ཤོག་སྒོར་ཐོག་ནས་བརྩིས་ན་ལོ་10བསྟུད་མར་བརྟན་པོའི་ངང་འཕར་ཡོད། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་འགུགས་ཁྱོན་སྒོར་དུང་ཕྱུར་5000ལ་ཉེ་བ་ཟིན་པ་དེ་ཉེ་བའི་ལོ་10ཡི་རིང་མཐོ་ཤོས་སུ་གནས་ཡོད་པ་རེད།

    ལས་རིགས་ནས་བལྟས་ན། ལོ་སྟོད་དུ་བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་1418.6དངོས་སུ་སྤྱད་པ་དེས་རྒྱལ་ཡོངས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱད་པའི་བསྡུར་ཚད་ཀྱི་28.4%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.4འཕར་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་637.5དངོས་སུ་སྤྱད་པ་དེས་རྒྱལ་ཡོངས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱད་པའི་ནང་12.8%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.4འཕར་ཡོད། སྨན་བཅོས་ཡོ་བྱད་སྒྲིག་ཆས་དང་ཡོ་བྱད་དཔྱད་ཆས་བཟོ་སྐྲུན་ལས་རིགས་དང་དེ་བཞིན་ཆེད་ལས་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་རྒྱལ་གྱི་མ་དངུལ་དུས་མཚུངས་ལས་87.5%དང་43.4%སོ་སོར་འཕར་ཡོད་པ་རེད།

    གོམ་སྟབས་རྗེས་མར། རང་རྒྱལ་གྱིས་གཙོ་གནད་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེ་ཟབ་ཏུ་བཏང་ནས་གནད་སྨིན་ཚོང་འགུག་མ་འདྲེན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པར་ཤུགས་བརྒྱབ་སྟེ་ཕྱི་རྒྱལ་གྱི་མ་དངུལ་བཞག་པའི་ཁེ་ལས་ཡོང་ཐུབ་པ་དང་། གཞིས་ཆགས་ཐུབ་པ། འཕེལ་རྒྱས་ཡག་པོ་གཏོང་ཐུབ་པ་བཅས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།