དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཅ་ཡུས་ཀོན་འགག་སྒོར“མཚན་མོའི་ལྟ་སྐོར”བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-17

    ཟླ་7ཚེས་15ཉིན་ནས་བཟུང“གནམ་འོག་གི་འགག་སྒོ་བཙན་པོ་དང་པོ”གྲགས་པའི་ཅ་ཡུས་ཀོན་འགག་སྒོར“མཚན་མོའི་ལྟ་སྐོར”དངོས་སུ་བྱེད་འགོ་ཚུགས་པ་རེད། མཚན་མོའི་ལྟ་སྐོར་རྣམ་གྲངས་དེ་ཅ་ཡུས་ཀོན་འགག་སྒོའི་ཐོག་ཁང་གི་དེ་སྔའི་གནས་ཡུལ་གཞི་རྟེན་དུ་བྱས་ནས་ལྕགས་རི་རིང་པོའི་རིག་གནས་དང་དར་གོས་ལམ་བུའི་རིག་གནས་བརྗོད་དོན་གཙོ་བོར་བྱས་ཏེ་སྐུལ་འོད་འཕྲོ་གྲིབ་དང་། གྲངས་འཛིན་ཚན་རྩལ། གར་སྟེགས་ཀྱི་དངོས་ལྗོངས་འཁྲབ་སྟོན་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་ཐོག་སྤྱད་དེ་ཡུལ་སྐོར་བར་གློག་འོད་ཀྱིས་བརྒྱབ་པའི་གཟུགས་བརྙན་ཉམས་ལེན་གསར་རྐྱང་ཞིག་ཡོང་བར་བྱས་པ་རེད། འདི་ནི་ཟླ་7ཚེས་14ཉིན་གྱི་དགོང་མོར། ཀན་སུའུ་ཞིང་ཆེན་ཅ་ཡུས་ཀོན་གྲོང་ཁྱེར་ཅ་ཡུས་ཀོན་འགག་སྒོའི་ཐོག་ཁང་གི་མཛེས་ལྗོངས་ཁུལ་དུ་པར་བླངས་པའི་མཚན་མོའི་གློག་འོད་ཟློས་གར《གནམ་འོག་གི་ཅ་ཡུས་ཀོན་འགག་སྒོ》ཡི་ཡུལ་ལྗོངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།