དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཀག་སྨྱན་སྦྱོར་གྱིས“དུས་རབས་གསར་པའི་ཀྲུང་ཧྥེའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་བྱེད་འགོ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-17

    ཀྲུང་གོ་དང་ཀག་ནའི་གསར་འགོད་པས་ཀག་ནའི་ཐེ་མཱ་དོས་སྒམ་གྲུ་ཁ་གསར་པར་མཉམ་འབྲེལ་བཅར་འདྲི་བྱེད་འགོ་ཚུགས་པ། (ལིའུ་ཅིང་གིས་པར་བརྒྱབ)

    ཀྲུང་གོ་དང་ཀག་ནའི་གསར་འགོད་པས་ཧྲེན་ནེང་ཨེན་སུའོ་ཀུའུ་གློག་ཤུགས(ཀག་ན)ཚད་ཡོད་ཀུང་སིའི་ལྟེ་བའི་ཚོད་འཛིན་ཁང་དུ་ཀག་ནའི་ལག་རྩལ་ཆེ་མོ་བར་བཅར་འདྲི་བྱེད་བཞིན་པ། (འདི་ག་ཚགས་པར་གྱི་གསར་འགོད་པ་མོང་ཞང་ལིན་གྱིས་པར་བརྒྱབ)

    ཉེ་ཆར་མི་དམངས་ཉིན་རེའི་ཚགས་པར་དང་ཀག་ནའི་སྨྱན་སྦྱོར་གྱི“དུས་རབས་གསར་པའི་ཀྲུང་ཧྥེའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་ཀག་ནའི་ལྷོ་རྒྱུད་གྲུ་ཁའི་གྲོང་ཁྱེར་ཐེ་མཱ་རུ་བྱེད་འགོ་ཚུགས་པ་རེད། དེ་ནི་ཀྲུང་གོ་དང་ཀག་ན་རྒྱལ་ཁབ་གཉིས་ཀྱི་སྨྱན་སྦྱོར་གྱིས་ཀག་ནར“དུས་རབས་གསར་པའི་ཀྲུང་ཧྥེའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་བྱེད་ཐེངས་དང་པོ་ཡིན་པ་རེད།

    མཉམ་འབྲེལ་བཅར་འདྲི་བྱེད་རིང་། མི་དམངས་ཉིན་རེའི་ཚགས་པར་གྱིས་ཀག་ན་གསར་འགྱུར་ཁང་དང་ཀག་ན་རླུང་འཕྲིན་ཀུང་སི་སོགས་ཀག་ནའི་གཙོ་རྒྱུན་སྨྱན་སྦྱོར་དང་མཉམ་དུ་ཧྲེན་ནེང་ཨེན་སུའོ་ཀུའུ་གློག་ཤུགས(ཀག་ན)ཚད་ཡོད་ཀུང་སི་དང་ཐེ་མཱ་དོས་སྒམ་གྲུ་ཁ་གསར་པ་སོགས་ཀྲུང་གོ་དང་ཀག་ནའི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་རྣམ་གྲངས་ལ་ཐུན་མོང་ཐོག་བཅར་འདྲི་བྱ་རྒྱུ་རེད།

    ཧྲེན་ནེང་ཨེན་སུའོ་ཀུའུ་གློག་ཤུགས(ཀག་ན)ཚད་ཡོད་ཀུང་སི་ནི་ཀྲུང་གོས་ཨ་ཧྥེ་རི་ཁར་མ་དངུལ་བཏང་ནས་བསྐྲུན་ཏེ་གཉེར་སྐྱོང་བྱེད་པའི་གློག་གཏོང་རྣམ་གྲངས་དང་པོ་དེ་ཡིན་པ་རེད། རྣམ་གྲངས་དེ་ཐོན་སྐྱེད་བྱེད་འགོ་ཚུགས་ཚུན་རིམ་རྩིས་བརྒྱབ་ན་ཀག་ནའི་གློག་དྲར་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་250ཙམ་གཏོང་གི་ཡོད་པས་ཀག་ན་དང་ཐ་ན་ཨ་ཧྥེ་རི་ཁ་ནུབ་མ་ཧྲིལ་པོའི་གློག་མི་འདང་བའི་གནད་དོན་ཞི་ལྷོད་དུ་བཏང་བ་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

    ཀི་ནེ་ཡའི་མཚོ་ཁུག་ངོགས་སུ་ཀྲུང་གོའི་མཚོ་ཁུག་བཟོ་སྐྲུན་ཀུང་སིས་སྐྲུན་འགན་འཁུར་བའི་ཀག་ནའི་ཐེ་མཱ་དོས་སྒམ་གྲུ་ཁ་གསར་པར་བྲེལ་བརྩོན་གྱིས་ཁེངས་ཡོད་པ་རེད། ལས་གྲྭ་དེ་བདེ་བླག་ངང་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེས་ཐེ་མཱ་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་མཐོ་རུ་ཕྱིན་པ་དང་ཨ་ཧྥེ་རི་ཁ་ནུབ་མའི་གྲུ་ཁ་ཆེ་གྲས་ཡིན་པའི་ཐེ་མཱ་གྲུ་ཁའི་གནས་བབ་བརྟན་དུ་ཕྱིན་ནས་ཀག་ན་དང་དེ་བཞིན་མཐའ་འཁོར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།

    ད་ལོའི་སྟོན་ཀར། པེ་ཅིང་དུ་སྐབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་འཚོག་རྒྱུ་རེད། ཀྲུང་གོ་དང་ཀག་ན་རྒྱལ་ཁབ་གཉིས་ཀྱི་སྨྱན་སྦྱོར་གྱི་གསར་འགོད་པས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་གཡུར་ཟའི་གྲུབ་འབྲས་དང་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།