དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་ཁྲོམ་ར་ཆེན་པོས་ང་ཚོར་འཕེལ་རྒྱས་མྱུར་པོ་འགྲོ་བའི་གོ་སྐབས་སྦྱིན་བྱུང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-17

    འདི་ནི་ཤིང་ཏོག་ཡག་ཉེས་འབྱེད་མཁན་10ལྷག་ཙམ་གྱིས་གཞོགས་གཉིས་སུ་ལངས་ཏེ་མིག་མདུན་གྱི་ཤིང་ཏོག་ཧྲན་ཀྲུའུ་རེ་རེ་བཞིན་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་པ། (འདི་ག་ཚགས་པར་གྱི་གསར་འགོད་པས་པར་བརྒྱབ)

    འདི་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ(ཁྲུང་ཙོ)ཤིང་ཏོག་ཉོ་ཚོང་ལྟེ་གནས་སུ་ཡེ་ཧུང་ཧྲེང་གིས་སྐད་གསང་མཐོན་པོས་ཐད་གཏོང་བྱས་པས་གསར་འགོད་པའི་དོ་སྣང་བྱ་ཡུལ་དུ་གྱུར་བ་དང་། ཉོ་ཚོང་ཁང་ཆེན་ནང་གྲང་ཕྲེང་རླངས་འཁོར་གཅིག་མཇུག་གཉིས་མཐུད་ངང་ཡོང་བཞིན་ཡོད།

    ཉེ་བའི་ལོ་ཤས་རིང་། 《ཁུལ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》ཕྱོགས་ཡོངས་ནས་གོ་ཆོད་པ་དང་བསྟུན་ནས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དང་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་སོགས་ཕན་ཚུན་སྦྲེལ་མཐུད་ཀྱི་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་དེ་བཞིན་དྲ་ཐོག་ཚོང་དོན་ལས་སྟེགས་དང་རྒྱལ་ཁོངས་སྒྲོལ་བའི་གྲང་ཕྲེང་ཟོག་འགྲེམས་མ་ལག་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་། འགག་སྒོ་སྒྲོལ་བའི་སྟབས་བདེའི་ཆ་རྐྱེན་དང་བྱ་ཐབས་ཁག་ཟམ་མི་ཆད་པར་བཏོན་པས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཧྲན་ཀྲུའུ་དང་ལིའུ་ལེན་སོགས་ཤིང་ཏོག་ཀྲུང་གོའི་ཁྲོམ་རར་གཏོང་རྒྱུ་དེ་བས་སྟབས་བདེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།