ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་རིག་གནས་པུའུ་ཀྲང་གི་ཚོགས་འདུ་བྷེ་ཨུ་རུ་སུར་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་བྷེ་ཨུ་རུ་སུའི་གྲོང་ཁྱེར་ཝེ་ཅེ་པུའུ་སི་ཁེ་ནས་གློག་འཕྲིན་འབྱོར་གསལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་རིག་གནས་པུའུ་ཀྲང་ཚོགས་འདུ་ཉིན་ཤས་གོང་བྷེ་ཨུ་རུ་སུའི་གྲོང་ཁྱེར་ཝེ་ཅེ་པུའུ་སི་ཁེའི“སི་ལ་ཧྥུའུ་པ་ཀྲ”རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སྐབས་སོ་གསུམ་པའི་སྒྲོམ་གཞིའི་ནང་འཚོགས་ཤིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་10དང་སྐད་ཆ་ཤོད་རེས་ཀྱི་རོགས་ཟླའི་རྒྱལ་ཁབ་ཨ་ཟེར་བྷེ་ཇན་གྱི་རིག་གནས་སྡེ་ཚན་གྱི་འགན་འཁུར་བ་དང་བྷེ་ཨུ་རུ་སུར་བཅའ་སྡོད་གཞུང་ཚབ་པ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཀྲང་མིང་གིས་ཤིས་ཚིག་སྒྲོན་སྐབས། ལོ་23རིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རིག་གནས་མཉམ་ལས་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་སྐྱེད་བྱུང་བ་མ་ཟད། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།
བྷེ་ཨུ་རུ་སུའི་རིག་གནས་པུའུ་ཀྲང་མར་ཁོ་ཝེ་ཆི་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱལ་ཁབ་དང་རྒྱལ་སྤྱིའི་བདེ་འཇགས་འགན་ལེན་སོགས་ཐད་དེ་བས་མང་བའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཞུགས་པ་དེས་བྷེ་ཨུ་རུ་སུའི་མཐོང་རྒྱ་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།