དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ནུས་པ་གལ་ཆེན་བཏོན་པ།

    ལྷོ་ཨ་ཧྥེ་རི་ཁའི་འབོ་གསེར་རྒྱལ་ཁབ་ཀྱི་ལས་དོན་མཐུན་སྦྱོར་པ་ཨ་ཉིར·སུའུ་ཁེ་ལཱ་ཨེར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-17

    “འབོ་གསེར་རྒྱལ་ཁབ་ནི‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས’ཀྱི་སྣེ་ཁྲིད་པ་ཡིན་པ་དང་ཀྲུང་གོས་འབོ་གསེར་རྒྱལ་ཁབ་དང‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས’འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད”ཅེས་ལྷོ་ཨ་ཧྥེ་རི་ཁའི་འབོ་གསེར་རྒྱལ་ཁབ་ཀྱི་ལས་དོན་མཐུན་སྦྱོར་པ་ཨ་ཉིར·སུའུ་ཁེ་ལཱ་ཨེ་ཡིས་ཉེ་ཆར་ལྷོ་ཨ་ཧྥེ་རི་ཁའི་ཁྲིམས་འཛུགས་རྒྱལ་ས་ཁའེ་ཕུའུ་ཏུན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།

    སུའུ་ཁེ་ལཱ་ཨེ་ཡིས་བལྟས་ན། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལས་གྲུབ་པའི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ནི་དེང་སྐབས་རྒྱལ་སྤྱིའི་གར་སྟེགས་ཐོག་གི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཁོང་གིས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་མི་འབོར་གྱིས་འཛམ་གླིང་མི་འབོར་གྱི་ཕལ་ཆེ་བ་ཟིན་པ་དང་གོ་ལ་ཧྲིལ་པོའི་འཕར་ཚད་མགྱོགས་ཤོས་ཀྱི་དཔལ་འབྱོར་དངོས་ཚན་ནི་ཀྲུང་གོས་གཙོས་པའི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་རྒྱལ་ཁབ་ཡིན་པ་རེད། ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པ་དང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་དཔལ་འབྱོར་དངོས་ཚན་གཞན་དག་ཁག་གཅིག་ཀྱང་འཛམ་གླིང་གི་མདུན་གྲལ་བཅུའི་གྲས་སུ་ཚུད་ཡོད་ཅེས་བཤད།

    ཁོང་གིས་ངོ་སྤྲོད་བྱས་པར་གཞིཌ་ན། 2011ལོར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་གསུམ་པ་ཀྲུང་གོའི་སན་ཡ་གྲོང་ཁྱེར་དུ་འཚོགས་པ་དང་ཁོངས་མི་གསར་པ་ཡིན་པའི་ལྷོ་ཨ་ཧྥེ་རི་ཁ་ཞལ་འཛོམས་ལ་ཐེངས་དང་པོར་ཞུགས་ཡོད། ན་ནིང་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་འཚོགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པའི་རིང་སོ་ཏི་ཨ་རབ་དང་། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དབྱི་རན། ཨེ་ཙེ་ཨོ་ཕི་ཡ་སོགས་གདན་ཞུས་ལྟར་འབོ་གསེར་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོའི་ནང་ཞུགས་པ་དང་། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་རྒྱལ་ཁབ་བཅུ་གྲངས་དབུ་ཚོགས་དེའི་ནང་ཞུགས་པ་དེ་ཐོག་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྗེས་འབྲངས་པ་ཞིག་མིན་པར་ཁོང་ཚོས་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་འཚོལ་ཞིབ་བྱེད་བཞིན་པ་མཚོན་གྱི་ཡོད།

    སུའུ་ཁེ་ལཱ་ཨེ་ཡིས། ད་ཆ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོས་འབོ་གསེར་རྒྱལ་ཁབ་དང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་དང་མཉམ་དུ་དེ་བས་བསྟུན་མཁས་ཀྱི་རྣམ་འགྱུར་ཐོག་ནས་ལག་གདང་སྦྲེལ་ཏེ་མཉམ་དུ་མདུན་སྐྱོད་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་གཞོལ་བཞིན་ཡོད་ཅེས་བཤད།

    ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཉམ་ལས་སྐོར་གླེང་སྐབས་སུའུ་ཁེ་ལཱ་ཨེ་ཡིས། ཀྲུང་གོས་ལྷོ་ཨ་ཧྥེ་རི་ཁ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རོགས་རམ་ཆེན་པོ་བྱས་ཡོད་ཅེས་བཤད།

    ཁོང་གིས། བཟོ་ལས་ཅན་གྱིས་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད། དེ་ནི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ཤིག་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རང་ངོས་བཟོ་ལས་ཅན་གྱི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་རོགས་རམ་བྱས་པ་དང་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་ཧུར་ཐག་བྱས་པ་མ་ཟད། ད་དུང་གལ་ཆེའི་ཤེས་ལྡན་པ་དང་ལག་རྩལ་གྱི་རྒྱབ་སྐྱོར་ཡང་བྱས་ཡོད་པའི་ངོས་འཛིན་བྱས་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁའེ་ཕུའུ་ཏུན་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།