བོད་ཀྱིས་ཧུའུ་ནན་ནས་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་བྱས་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། “ཤེས་ལྡན་མི་སྣ་མཉམ་དུ་འདུས·ས་མཐོ་འཛུགས་སྐྲུན་ཆེད་དུ་གཞོལ”ཞེས་པའི་2024ལོའི་བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་འོས་སྦྱོར་བྱེད་སྒོ(ཁྲང་ཧྲ་ཆེད་ཚོགས)སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འོས་སྦྱོར་བྱེད་སྒོས་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། བོད་ལུགས་གསོ་རིག་དང་སྨན་རྫས། ས་མཐོའི་ཡང་བའི་བཟོ་ལས་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ནས་རིམ་པ་མཐོ་བའི་ཤེས་ལྡན་པ་འདྲེན་འགུགས་ཀྱི་དགོས་མཁོ་ཁག་456དང་ལག་རྩལ་མཉམ་ལས་ཀྱི་དགོས་མཁོ་ཁག་66ཁྱབ་བསྒྲགས་བྱས་པ་རེད།
བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་སྲིད་ཇུས་ནང་རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་བྱེད་སྟངས་ནི་རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་ཤེས་ལྡན་པ་དང་། རྒྱལ་ཁབ་རིམ་པའི་སྣེ་ཁྲིད་ཤེས་ལྡན་པ། ས་གནས་རིམ་པའི་སྣེ་ཁྲིད་ཤེས་ལྡན་པ། རིམ་པ་མཐོ་བའི་ཤེས་ལྡན་པ་གཞན་དག་བཅས་རིགས་བཞི་ལ་ཕྱེ་བ་དང་ལས་སྒྱུར་ནང་འདྲེན་བྱས་པར་སྒོར་ཁྲི་20ནས་220བར་གྱི་མི་སྒེར་གྱི་ཁ་གསབ་དང་སྒོར་ཁྲི་10ནས་ཁྲི་200བར་གྱི་ཚན་ཞིབ་ཁ་གསབ་སྤྲོད་རྒྱུ་མ་ཟད། ད་དུང་གླ་ཕོགས་ཐོབ་ཐང་དང་། གོ་གནས་ཐོབ་ཐང་། གོ་མིང་དཔྱད་བསྡུར་གདན་ཞུ། སྡོད་ཁང་སྲིད་ཇུས། ནང་མི་བཀོད་སྒྲིག སྨན་བཅོས་འགན་ལེན་སོགས་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་གདན་ཞུ་བྱས་པའི་ཤེས་ལྡན་པས“ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞི་རེ་ཞུ་བྱ་རྒྱུར་སྐུལ་མ་གཏོང་བ་དང་། གདན་ཞུ་བྱས་པའི་ཤེས་ལྡན་པའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པ། གདན་ཞུ་བྱས་པའི་ཤེས་ལྡན་པའི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་མ་གཏོང་བ། ལེ་ལག་ཚང་བའི་གཟེངས་བསྟོད་བྱ་དགའི་སྲིད་ཇུས་ལག་ལེན་བསྟར་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཐབས་བརྒྱ་ཇུས་སྟོང་གིས་ཤེས་ལྡན་པ་གདན་ཞུ་བྱ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་བསོད་ནམས་གཡུ་སྒྲོན་གྱིས་ཉེ་བའི་ལོ་ཤས་རིང་བོད་ཀྱིས“གསོ་སྐྱོང་དང་། གདན་ཞུ། བེད་སྤྱོད། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱས་པ་དང《དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》བཟོས་ནས“ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞི་སོགས་ཞིབ་ཕྲའི་བྱ་ཐབས་ཁག་19བཏོན་པས་ཤེས་ལྡན་པ་འབུར་དུ་ཐོན་པར་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་ཆགས་ཏེ་རྒྱ་ཆེའི་ཤེས་ལྡན་པས་བོད་གདམ་ག་བྱེད་པ་དང་། བོད་ཀྱི་བྱ་གཞག་ནང་ཞུགས་པ། བོད་འཛུགས་སྐྲུན་བྱེད་པ་བཅས་བྱ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།བོད་ཀྱིས་ཧུའུ་ནན་ནས་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་བྱས་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། “ཤེས་ལྡན་མི་སྣ་མཉམ་དུ་འདུས·ས་མཐོ་འཛུགས་སྐྲུན་ཆེད་དུ་གཞོལ”ཞེས་པའི་2024ལོའི་བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་འོས་སྦྱོར་བྱེད་སྒོ(ཁྲང་ཧྲ་ཆེད་ཚོགས)སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འོས་སྦྱོར་བྱེད་སྒོས་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། བོད་ལུགས་གསོ་རིག་དང་སྨན་རྫས། ས་མཐོའི་ཡང་བའི་བཟོ་ལས་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ནས་རིམ་པ་མཐོ་བའི་ཤེས་ལྡན་པ་འདྲེན་འགུགས་ཀྱི་དགོས་མཁོ་ཁག་456དང་ལག་རྩལ་མཉམ་ལས་ཀྱི་དགོས་མཁོ་ཁག་66ཁྱབ་བསྒྲགས་བྱས་པ་རེད།
བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་སྲིད་ཇུས་ནང་རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་བྱེད་སྟངས་ནི་རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་ཤེས་ལྡན་པ་དང་། རྒྱལ་ཁབ་རིམ་པའི་སྣེ་ཁྲིད་ཤེས་ལྡན་པ། ས་གནས་རིམ་པའི་སྣེ་ཁྲིད་ཤེས་ལྡན་པ། རིམ་པ་མཐོ་བའི་ཤེས་ལྡན་པ་གཞན་དག་བཅས་རིགས་བཞི་ལ་ཕྱེ་བ་དང་ལས་སྒྱུར་ནང་འདྲེན་བྱས་པར་སྒོར་ཁྲི་20ནས་220བར་གྱི་མི་སྒེར་གྱི་ཁ་གསབ་དང་སྒོར་ཁྲི་10ནས་ཁྲི་200བར་གྱི་ཚན་ཞིབ་ཁ་གསབ་སྤྲོད་རྒྱུ་མ་ཟད། ད་དུང་གླ་ཕོགས་ཐོབ་ཐང་དང་། གོ་གནས་ཐོབ་ཐང་། གོ་མིང་དཔྱད་བསྡུར་གདན་ཞུ། སྡོད་ཁང་སྲིད་ཇུས། ནང་མི་བཀོད་སྒྲིག སྨན་བཅོས་འགན་ལེན་སོགས་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་གདན་ཞུ་བྱས་པའི་ཤེས་ལྡན་པས“ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞི་རེ་ཞུ་བྱ་རྒྱུར་སྐུལ་མ་གཏོང་བ་དང་། གདན་ཞུ་བྱས་པའི་ཤེས་ལྡན་པའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པ། གདན་ཞུ་བྱས་པའི་ཤེས་ལྡན་པའི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་མ་གཏོང་བ། ལེ་ལག་ཚང་བའི་གཟེངས་བསྟོད་བྱ་དགའི་སྲིད་ཇུས་ལག་ལེན་བསྟར་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཐབས་བརྒྱ་ཇུས་སྟོང་གིས་ཤེས་ལྡན་པ་གདན་ཞུ་བྱ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་བསོད་ནམས་གཡུ་སྒྲོན་གྱིས་ཉེ་བའི་ལོ་ཤས་རིང་བོད་ཀྱིས“གསོ་སྐྱོང་དང་། གདན་ཞུ། བེད་སྤྱོད། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱས་པ་དང《དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》བཟོས་ནས“ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞི་སོགས་ཞིབ་ཕྲའི་བྱ་ཐབས་ཁག་19བཏོན་པས་ཤེས་ལྡན་པ་འབུར་དུ་ཐོན་པར་ཕན་པའི་སྒྲིག་སྲོལ་དང་ལམ་སྲོལ་ཆགས་ཏེ་རྒྱ་ཆེའི་ཤེས་ལྡན་པས་བོད་གདམ་ག་བྱེད་པ་དང་། བོད་ཀྱི་བྱ་གཞག་ནང་ཞུགས་པ། བོད་འཛུགས་སྐྲུན་བྱེད་པ་བཅས་བྱ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།