དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ཏང་ཡོན་ལྟེ་བའི་དུད་ཚང་གི་གཞི་རིམ་བཅོས་སྐྱོང“བཙན་རྫོང་ཆུང་ངུ”འཛུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-17

    གྲོང་མིའི་སྒོ་རའི་ཏང་ཡོན་ལྟེ་བའི་དུད་ཚང་གི“བཙན་རྫོང་ཆུང་ངུའི”ནུས་པ་སྔར་བས་འདོན་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ཏང་ཡོན་ལྟེ་བའི་དུད་ཚང་སྒྲིག་འཛུགས་བྱས་ཏེ་གྲོང་མིའི་སྒོ་རར་དྲང་ནུས་དྲིལ་བསྒྲགས་དང་། དམངས་ཀྱི་འདོད་བློ་བསྡུ་ལེན། ཁྱིམ་མཚེས་དབར་གྱི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ་རེད།

    ཏང་ཡོན་ཉི་མ་ཚེ་རིང་དང་། སྐལ་བཟང་འཇིགས་མེད། བྱམས་པ་ཚེ་རིང་སོགས་ཀྱིས་དགོན་སྡོད་ལས་དོན་རུ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་སྒྲིག་ལམ་སྲུང་བ་དང་། རྒན་རྒོན་ལ་རོགས་སྐྱོར། བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་བཅས་བྱས་པ་རེད། དེ་དང་དུས་མཚུངས། མང་ཚོགས་སྡེ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ནང་ཧུར་ཐག་ཞུགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“བཙན་རྫོང་ཆུང་ངུའི”ནུས་པ་འདོན་སྤེལ་བྱེད་པའི་སྐུལ་སློང་བྱས་པ་རེད།

    ཁྲེང་ཀོན་ཆུས་བསྟན་རྒྱས་གླིང་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས། འབྲེལ་ཟམ་ལྟ་བུའི་ཏང་ཡོན་ལྟེ་བའི་དུད་ཚང་བརྒྱུད་སྡེ་ཁུལ་གྱི་ལས་དོན་ཡག་པོ་སྤེལ་ཐུབ་པ་མ་ཟད། ད་དུང་ཐོན་སྲིད་པའི་འགལ་བ་ཁག་གཅིག་ཀྱང་སྔོན་འགོག་ཐུབ་ཡོད། ཏང་ཡོན་ལྟེ་བའི་དུད་ཚང་གིས་འགལ་བ་དུས་ཐོག་ཏུ་གོང་ཞུ་དང་དུས་ཐོག་ཏུ་འདུམ་འགྲིག་བྱས་པ་བརྒྱུད་འགལ་བ་ཆུང་ངུ་ནས་སེལ་ཐུབ་ཡོད། མིག་སྔར་ཏང་ཡོན་ལྟེ་བའི་དུད་ཚང་སྡེ་ཁུལ་གྱིས་དམངས་ཀྱི་འདོད་བློ་བསྡུ་ལེན་དང་། འགལ་བ་སེལ་བ། དམངས་འཚོའི་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།