དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྲིད་འཛིན་ཆད་གཅོད་གྱོད་གཞིའི་འཚམས་ལན་ལམ་སྲོལ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-17

    ཉེ་ཆར། མངའ་རིས་ས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ས་ཁུལ་ཡོངས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་སྲིད་འཛིན་ཆད་གཅོད་གྱོད་གཞིའི་འཚམས་ལན་ལམ་སྲོལ་སྔོན་ལ་ཁྱབ་གདལ་བཏང་བ་དང་། སྲིད་འཛིན་ཆད་གཅོད་གྱོད་གཞིའི་འཚམས་ལན་ཐད་གཞན་དབང་གི་འཚམས་འདྲི་དང་ལེན་ནས་རང་འགུལ་གྱི་འཚམས་འདྲི་བྱེད་པར་བསྒྱུར་ཏེ། སྲིད་འཛིན་ཁྲིམས་སྒྱུར་བརྒྱུད་རིམ་ཁྲོད་ཀྱི་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་6པའི་ཟླ་མཇུག་ཏུ་མངའ་རིས་ས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྡེ་ཚན་གྱི་འགན་ནུས་ལ་གཞི་ཚུགས་ནས་གྱོད་གཞིའི་འཚམས་ལན་ལས་དོན་ཚོགས་ཆུང་གསུམ་བཙུགས་ཏེ། སྒོ་ཁར་བསྐྱོད་ནས་འཚམས་འདྲི་དང་ཁ་པར་ནས་འཚམས་འདྲི། བཞུགས་མོལ་བརྒྱུད་འཚམས་འདྲི་སོགས་ཀྱི་རྣམ་པའི་ཐོག་ནས་བཟའ་བཅའ་དང་སྨན་རྫས་རིགས་དང་། བཟོ་ལས་ཐོན་རྫས་རིགས། དམིགས་བསལ་སྒྲིག་ཆས་རིགས་སོགས་གྱོད་ཐག་བཅད་པའི་གྱོད་གཞིར་གཙོ་གནད་ཐོག་འཚམས་འདྲི་བྱས་ཤིང་། གཙོ་བོ་ཁྲིམས་སྒྱུར་གྱོད་སྒྲུབ་མི་སྣའི་སྤྱོད་གཙང་རང་གཅུན་དང་། ཁྲིམས་ལྟར་གྱོད་སྒྲུབ། གྱོད་གཞི་ལག་བསྟར་སོགས་ཀྱི་གནས་ཚུལ་དྲིས་ཁར། ཆད་པ་གཅོད་ཡུལ་གྱི་དག་ཐེར་གནས་ཚུལ་དང་གཉེར་སྐྱོང་བྱེད་རིང་ཐག་གཅོད་རོགས་བྱེད་དགོས་པའི་དཀའ་ངལ་ཤེས་རྟོགས་བྱས་ནས་ཁོ་ཚོས་གཉེར་སྐྱོང་ཚད་ལྡན་དུ་གཏོང་བར་ཁྲིད་སྟོན་དང་རོགས་རམ་བྱས་པ་རེད། མིག་སྔའི་བར་ལོ་སྟོད་དུ་གྱོད་ཐག་བཅད་པའི་གྱོད་གཞི་15ཡི་ཁྲོད་གྱོད་གཞི་8ཀྱི་སྲིད་འཛིན་ཆད་གཅོད་ཀྱི་འབྲེལ་ཡོད་མི་སྣར་སྐབས་བསྟུན་འཐེན་བཤེར་དང་ འཚམས་འདྲི་བྱས་པར་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། འཚམས་འདྲིའི་ཤེས་རྟོགས་བྱུང་བའི་མཛེས་བཟོའི་བྱུག་རྫས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”དོན་འཁྱོལ་བྱེད་པར་འཕྲད་པའི་དཀའ་ངལ། ཁྲིམས་སྒྱུར་གྱོད་སྒྲུབ་ཀྱི་བྱང་ཚད་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་དགོས་པ་སོགས་ཀྱི་གནད་དོན་འཚོལ་སྡུད་དང་ཚུར་ལན་སྤྲད་པ་དང་། འཚམས་འདྲི་བྱ་ཡུལ་གྱིས་བཏོན་པའི་འབྱུང་རྩ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་གནད་དོན་ལ་ས་གནས་ས་ཐོག་ཏུ་ལན་བཏབ་ལ། གྱོད་གཞི་སྒྲུབ་མཁན་ལ་འབྲེལ་ཡོད་གཏན་འབེབས་ལས་འགལ་བ་དང་ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་བྱུང་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།