དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་རྒྱ་ཆེན་པོ་བཏོད་པ།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་ཉེའི་སྐབས་སུ་བྲིས་པ། (སྨད་ཆ)

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2024-07-17

    དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཁྱབ་ཁོངས་དང་། གཞི་ཁྱོན། ཤུགས་ཚད་བཅས་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་ཡིན་ཞིང་། སྐུལ་འདེད་བཏང་བའི་སྒྱུར་བཅོས་ནི་ཕྱོགས་ཡོངས་དང་། གཏིང་ཟབ་པ། རྩ་བའི་རང་བཞིན་བཅས་ཡིན་ལ། ཐོབ་པའི་གྲུབ་འབྲས་ནི་ལོ་རྒྱུས་རང་བཞིན་དང་། གསར་བརྗེའི་རང་བཞིན། གསར་གཏོད་རང་བཞིན་བཅས་ཡིན།

    2023ལོའི་ཟླ་4ཚེས་21ཉིན། པེ་ཅིང་ཀྲུང་ནན་ཧའེ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལོ་རྒྱུས་འཕེལ་རིམ་ལ་ཁྱོན་ཡོངས་ནས་ཕྱིར་མིག་གཟིགས་ཏེ་བསྟན་དོན།

    “དུས་རབས་གསར་པའི་ལོ་10ཡི་རིང་། ང་ཚོས་སྐུལ་འདེད་བཏང་བའི་སྒྱུར་བཅོས་ནི་ཕྱོགས་ཡོངས་དང་། གཏིང་ཟབ་པ། རྩ་བའི་རང་བཞིན་བཅས་ཡིན་པ་དང་། ཐོབ་པའི་གྲུབ་འབྲས་ནི་ལོ་རྒྱུས་རང་བཞིན་དང་། གསར་བརྗེའི་རང་བཞིན། གསར་གཏོད་རང་བཞིན་བཅས་ཡིན”

    2012ལོའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་ནས་ཀོང་ཀྲོའུ་རུ་དཔལ་འབྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་སྒྱུར་བཅོས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་དམིགས་ནས“དཔལ་འབྱོར་གྲུབ་ཆའི་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་ནི་དུས་ཀྱི་འཕེལ་ཕྱོགས་ཤིག་ཡིན་པས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང”ཞེས་གསུངས་ཡོད།

    པེ་ཅིང་དུ་ལོག་ནས་གཟའ་འཁོར་གཅིག་ཀྱང་མ་སོང་བར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་མི་བལྟོས་པ་དང་ཆོས་ཉིད་དང་འགལ་ནས་མུན་འཐོམས་ཀྱིས་མྱུར་ཚད་མགྱོགས་པོ་དོན་གཉེར་བྱེད་མི་རུང”ཞེས་སླར་ཡང་ནན་བཤད་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འགྱུར་ལྡོག་སྟངས་འཛིན་མཁས་པོ་གནང་སྟེ་སྒྱུར་བཅོས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་གྱི་འཕོ་འགྱུར་ལ་སྣེ་ཁྲིད་གནང་ཡོད།

    “སྤུས་ཚད་ཀྱི་འཕོ་འགྱུར”—“གསུམ་དོར་གཅིག་གཅོག་གཅིག་གསབ”བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བར་སྐུལ་འདེད་བཏང་བ་དང་། རྩེར་སོན་སྒྲིག་ཆས་བཟོ་སྐྲུན་དང་རིག་ནུས་བཟོ་སྐྲུན་སོགས་ཁྱབ་ཁོངས་མང་པོར་ཚད་བརྒལ་གསར་པ་ཐོབ་པ་མ་ཟད། སྒུལ་ནུས་གསར་རྙིང་བརྗེ་མགྱོགས་སུ་ཕྱིན་ཡོད།

    “ལས་ཕྱོད་འཕོ་འགྱུར”—སྲིད་འཛིན་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་སྒྱུར་བཅོས་སོགས་ཀྱི་ཐད་སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པའི་ལྟེ་བའི་གནད་དོན་དེ་དམ་འཛིན་ནན་པོ་བྱས་པར་བརྟེན། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད།

    “སྒུལ་ཤུགས་འཕོ་འགྱུར”དེ“ཁོ་ན་བཞི་གཏོར་བ”དང“ཚད་གཞི་གསར་པ་འཛུགས་པ”དང“ཁས་ལེན་སྣེ་ཁྲིད”དང“རྟ་རྒྱུག་ལམ་ལུགས”ལ་བརྟེན་ནས་ཚན་རིག་མཁས་ཅན་ཚོས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱས་ནས་ཚན་རྩལ་གསར་གཏོད་དང་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ཀྱི“བྱེད་ཐབས་གཉིས་མཉམ་སྒུལ”མཐའ་འཁྱོངས་བྱེད་པའི་བར་གསར་གཏོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་དང་ཚན་རྩལ་གྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོན་ཡོད།

    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་ནས་རྒྱུན་ཆད་མེད་པར་བར་མཐོངས་གསར་པ་བཏོད་པ་དང་། སྒུལ་ནུས་གསར་པ་མཁོ་འདོན། མཐུན་རྐྱེན་གསར་པ་བཏོད་པ་བཅས་བྱས་པར་བརྟེན་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བརྟན་བགྲོད་རྒྱང་འཁྱོལ་ཐུབ་ཡོད།

    མི་དམངས་མང་ཚོགས་ཀྱི་ངོས་ནས་བརྗོད་ན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་དོན་སྙིང་གང་ཞིག་ལྡན་ཡོད་དམ།

    བོད་ཀྱི་ཡར་ཉང་འདམ་རའི་བདག་སྐྱོང་པ་པད་མ་མཆོག་གིས་སྔོ་ལྗང་གི་སྤང་ལྗོངས་དང་ཤང་ཤང་དུ་རྒྱུག་པའི་ཆུ་མོ་དེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གཏན་འཁེལ་དང་འདམ་རའི་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་ལས་བྱུང་བ་ཞིག་ཡིན་ལ། ས་གནས་ཀྱིས་སྲེག་མའི་བཟོ་གྲྭ་སྒོ་བརྒྱབ་པ་དང་གྲོང་མི་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་ནས་འདམ་ར་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད་ཅེས་བརྗོད།

    “ང་ཚོས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་རྩ་བའི་དམིགས་ཡུལ་ནི། རྒྱལ་ཁབ་དེ་བས་སྟོབས་འབྱོར་ལྡན་པ་དང་། སྤྱི་ཚོགས་དེ་བས་དྲང་གཞག་དྲང་བདེན་ལྡན་པ། མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱ་རྒྱུ་དེ་ཡིན” དེ་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་རྒྱལ་ཁབ་ལ་དགའ་ཞེན་གྱི་སེམས་པ་ཞིག་ཡིན་ལ། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་གྲུབ་འབྲས་ཀྱི་གསལ་ཐོ་ཞིག་ཀྱང་ཡིན།

    སྒྱུར་བཅོས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལམ་སྲོལ་བཙུགས་ནས་ལོ་8རིང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་དབུལ་སྒྲོལ་ཐུབ་པའི་ངོ་མཚར་རླབས་པོ་ཆེ་བཏོད་དེ། ཀྲུང་ཧྭའི་ས་གཞི་ཆེན་པོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཡོད།

    སྒྱུར་བཅོས་ལ་བརྟེན་ནས་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱས་པ། ལོ་མང་ལག་ལེན་བསྟར་བའི་སྨན་རྫས་དང་ཟད་གྲོན་རྒྱུ་ཆའི་ཁ་སྣོན་མེད་པར་བཟོས་པ་དང་། གཅིག་སྡུད་ཉོ་སྒྲུབ་ལམ་ལུགས་བཙུགས་པ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་དཀའ་གནད་སེལ་བ་བཅས་བྱས་ཏེ། མང་ཚོགས་ནད་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་དཀའ་གནད་ཐག་གཅོད་བྱས་ཡོད།

    སྒྱུར་བཅོས་ལ་བརྟེན་ནས་སྤྱི་ཚོགས་དྲང་གཞག་སྲུང་སྐྱོང་བྱས་པ། ཕྲུ་གུ་ཚང་མར་དྲང་གཞག་ལྡན་ལ་སྤུས་ཚད་ལྡན་པའི་སློབ་གསོ་ལོངས་སུ་སྤྱོད་ཐུབ་པའི་འབད་བརྩོན་བྱེད་པ་ནས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་པའི་བར“མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པའི”དོན་དེར་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་ཡོད།

    སྒྱུར་བཅོས་ལ་བརྟེན་ནས་དམངས་ཀྱི་བློ་གྲོས་དང་དམངས་ཀྱི་འདོད་བློ་གཅིག་སྡུད་བྱས་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་བློ་གྲོས་དེ་ཐབས་ཇུས་འགོད་པའི་གྲོས་རིམ་ནང་རྒྱ་ཁྱབ་ངང་འཇུག་པ་མ་ཟད། “ཁང་ཆུང་དོན་གྲོས་ཁང”དང“གྲོང་མིའི་བློ་འདུས་ཚོགས་པ”སོགས་དོན་གྲོས་ལས་སྟེགས་བཙུགས་ནས་མི་དམངས་ཀྱི་རང་ཐག་རང་གཅོད་ཀྱི་དབང་ཆ་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་ཡིན།

    “འགག་རྩའི་གནས”དམ་འཛིན་བྱས་པ། རིག་གནས་སྒྲིག་སྲོལ་སྒྱུར་བཅོས་བྱས་ཏེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཀྱི་རྩ་བའི་ལམ་ལུགས་གཏན་འཁེལ་དང་མཐའ་འཁྱོངས་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ་བཅས་ཀྱི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་རིག་གནས་ཀྱི་ཐོན་ལས་མ་ལག་དང་། ཁྲོམ་རའི་མ་ལག སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བཅས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པར་བརྟེན་མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་སེམས་ཤུགས་ཆེས་ཆེར་འཕེལ་ཡོད།

    “སིལ་ཧྲུག་ཅན”འགོག་པ། སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ལ་བརྟེན་ནས་བསམ་བློ་རྙིང་པ་དོར་བ་དང་། རང་བྱུང་ཐོན་ཁུངས་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ་བཙུགས་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བཙུགས་ནས་ལག་ལེན་བསྟར་བ། “ལོ་རྒྱུས་ཐོག་ནན་ཤོས”ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་བཏོན་པ་བཅས་བྱས་ནས་མ་ལག་གཅིག་སྡུད་ཀྱི་བྱེད་ཐབས་རབ་དང་རིམ་པ་མཛེས་སྡུག་ལྡན་པའི་ཀྲུང་གོའི་ལྟ་བ་ཆེན་པོར་གྱུར་ཡོད།

    “སྣ་འདུས་ཐབས་བཟང”ཡག་པོ་སྤྱད་པ། སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་བརྟེན་ནས་སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་སྒྱུར་བ་ཚད་བརྒལ་དུ་བྱས་ཏེ་སྲིད་འཛིན་ཞིབ་མཆན་དོན་ཚན་ཉུང་དུ་ཤུགས་ཆེན་བཏང་བ་དང་། སྲིད་འཛིན་མིན་པའི་ཆོག་འཐུས་ཞིབ་མཆན་ཕྱོགས་ཡོངས་ནས་མེད་པར་བཟོས་པ། དབང་ཆའི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། བཀག་རྒྱའི་གསལ་ཐོ་བཅས་ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ། ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་པ་བཅས་བྱས་ནས་སྲིད་གཞུང་གི་དོ་དམ་ཞབས་ཞུའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་བཏོན་ཡོད།

    སྒྱུར་བཅོས་དང་སྒོ་དབྱེ་གཉིས་གཅིག་རམ་གཅིག་འདེགས་དང་ཕན་ཚུན་སྐུལ་འདེད་བཏང་བ།

    2023ལོའི་ཟླ་9པར་རང་རྒྱལ་གྱི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་པོ་སྟེ་ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་བཙུགས་ནས་ལོ་10འཁོར་བའི་སྐྱེས་སྐར་བསུས་ཡོད།

    ཟླ་གཅིག་ལྷག་ཙམ་སོང་རྗེས། རང་རྒྱལ་གྱི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་22པ་སྟེ་ཤིན་ཅང་རང་མོས་ཚོང་དོན་ཚོད་ལྟ་ཁུལ་བཙུགས་པ་དེ་ནུབ་བྱང་མཐའ་མཚམས་ས་ཁུལ་གྱི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་པོར་གྱུར་ཡོད།

    ཤར་གཅིག་ནུབ་གཅིག་གི་མཚོ་རྒྱུད་ནས་སྐམ་སའི་དབུས་ཁུལ་བར་གྱི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་ཀྲུང་གོའི་སྒོ་མོ་འབྱེད་རྒྱ་དེ་བས་ཆེ་རུ་ཕྱིན་པར་དཔང་པོ་བྱས་ཡོད།

    2023ལོའི་ལོ་གཅིག་ཁོ་ནར། རང་རྒྱལ་གྱི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.67ཟིན་པ་དེས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་18.4%བཟུང་ཡོད།

    སྒོ་མོ་འབྱེད་རྒྱ་ཆེ་རུ་ཕྱིན་ནས་སྒྱུར་བཅོས་ཀྱི་ལམ་བུར་བརྟན་པོར་བསྐྱོད།

    ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་ལག་བསྟར་བྱས་པ་དང་། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་རྒྱ་ཆེར་སྐུལ་ལྕག་བྱེད་པའི་ཐོན་ལས་དཀར་ཆག་ལ་བཟོ་བཅོས་བརྒྱབ་པ། ཕྱི་དངུལ་འཇུག་འཐུས་ཀྱི་བཀག་རྒྱ་དང་གསལ་ཐོ་མུ་མཐུད་ཁུ་བསྡུ་བཅས་བྱས་ཏེ་ཕྱི་དངུལ་འདྲེན་པ་དང་སྤྱོད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བར་བརྟེན་ཀྲུང་གོའི་སྒོ་དབྱེའི“ཡིད་དབང་འཕྲོག་ཤུགས”ཉིན་བཞིན་ཆེ་རུ་ཕྱིན་ཡོད།

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆ་200ལྷག་ཙམ་ནས་ཀོང་ཀྲོའུ་ཚོང་འདུས་དང་། ནང་འདྲེན་དངོས་མང་སྟོན་ཚོགས། ཞབས་ཞུའི་ཚོང་དོན་འདུ་ཚོགས། འཛད་སྤྱོད་དངོས་མང་སྟོན་ཚོགས་སོགས་ལས་གྲུབ་པའི“འགྲེམས་ཚོགས་དཔུང་ཁག”བར་ཀྲུང་གོའི་སྒོ་དབྱེའི“གར་སྟེགས”ཡངས་སུ་འགྲོ་བཞིན་ཡོད།

    འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ལས་བརྒལ་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མས་གོ་ལ་ཧྲིལ་པོའི་བསྡུར་ཚད་ཀྱི་30%ཙམ་བཟུང་བ། ཕྱིར་གཏོང་གིས་གོ་ལ་ཧྲིལ་པོའི་བསྡུར་ཚད་14%བཟུང་བའི་ཆུ་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་ནས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོར་གྱུར་པ་དང་ཀྲུང་གོའི་སྒོ་དབྱེའི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་བཞིན་ཡོད།

    ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱེད་སྐབས་ཕྱི་རྒྱལ་སྨྱན་སྦྱོར་ཞིག་གིས། ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོས་མདུན་ཕྱོགས་སུ་འགག་རྩའི་གོམ་པ་ཞིག་སྤོས་ནས་ཀྲུང་གོས་ལོ་30ལྷག་ཙམ་གྱི་གོང་ནས་འགོ་ཚུགས་པའི་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཐུབ་ངེས་ཀྱི་ཚོད་དཔག་བྱེད་མྱོང་ཡོད།

    ལོ་བཅུ་ལྷག་ཙམ་སོང་རྗེས། ཀྲུང་གོས་མི་རྣམས་བློ་ཕམ་དུ་བཅུག་མེད། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་བར་ཐོབ་པའི་ལོ་རྒྱུས་རང་བཞིན་དང་། གསར་བརྗེའི་རང་བཞིན། གསར་གཏོད་རང་བཞིན་བཅས་ཀྱི་གྲུབ་འབྲས་བཟང་པོས་ང་ཚོ་ཡིད་ཆེས་ཀྱིས་ཁེངས་པ་གྱུར་ཡོད།

    འཛམ་གླིང་ལ་ལྟ་སྐབས། རྒྱལ་ཁབ་དང་སྲིད་ཏང་གང་རུང་ཞིག་གིས་དུས་ཐུང་འདི་འདྲའི་ནང་ཁྱབ་ཁོངས་ཆེན་པོ་འདི་འདྲ་དང་། གཞི་ཁྱོན་ཆེན་པོ་འདི་འདྲ། ཤུགས་ཚད་ཆེན་པོ་འདི་འདྲའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཐུབ་མྱོང་མེད་ལ། རྒྱལ་ཁབ་དང་སྲིད་ཏང་གང་རུང་ཞིག་གིས་ཀྱང་སྒྱུར་བཅོས་ཀྱི་འཕེལ་རིམ་ཁྲོད་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། བརྒྱུད་རིམ་ལྡན་པའི་བསྐྱར་སྒྲིག ཕྱོགས་ཡོངས་རང་བཞིན་གྱི་བསྐྱར་འཛུགས་བཅས་འདི་ལྟ་བུ་མངོན་འགྱུར་ཐུབ་མྱོང་མེད།

    ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་བསམ་བློར་སྔར་བས་བཅིངས་འགྲོལ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་ལ་བཅིངས་འགྲོལ་དང་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད།

    ལོ་ངོ་40ལྷག་ཙམ་གྱི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཐེངས་རེར་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་སྒོ་དབྱེའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འགག་རྩའི་དུས་སྐབས་སུ་མི་རྣམས་ཀྱིས་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་གསར་པར་རེ་བ་ཆེན་པོ་བཅངས་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་ཉེའི་མཚམས་སུ་སྤྱི་ཚོགས་ཡོངས་ཀྱིས་རེ་སྒུག་ཆེན་པོ་བྱེད་པ་དང་འཛམ་གླིང་ཡོངས་ཀྱིས་ཀྲུང་གོར་དོ་སྣང་བྱེད་བཞིན་ཡོད།

    “ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། ངས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་གནད་དོན་ལ་བསམ་བློ་གཏོང་གི་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ལྟར་གསུངས།

    ཏང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པ་བཏོད་ཡོད།

    ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་གསར་པར་བསམ་གཞིག་དང་ཇུས་འགོད་གསར་པ་ཡོད་དགོས།

    ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས“བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས”ཞེས་གསུངས་གནང་བ་དང་ཧྲང་ཧའེ་རུ“འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད་ལ། ཅང་ཤིས་སུ“སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གཏོད་དགོས་པའི”བླང་བྱ་བཏོན་གནང་ཡོད།

    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་སོགས་ཚོགས་འདུ་མང་པོར་སྒྱུར་བཅོས་སྒོ་དབྱེ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག“གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སྙེག་པར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན”ཞེས་ནན་བཤད་གནང་བ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ“ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་གཏོང་སྟངས་གཏིང་ཟབ་སྒྱུར་དགོས་པའི”བླང་བྱ་བཏོན་གནང་ཡོད་ལ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུར“ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩི་དགོས”ཞེས་ཁ་གསལ་བཏོན་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་གནང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་གནད་དོན་གལ་ཆེན་ལ་ཐུགས་དགོངས་ཟབ་མོ་བཞེས་པ་དང་། ཚོགས་འདུ་གལ་ཆེན་མང་པོར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བསམ་གཞིག་གལ་ཆེན་གསལ་བཤད་གནང་ཡོད།

    2024ལོའི་ཟླ་5ཚེས་23ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཅི་ནན་དུ་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད།

    ཚང་མའི་གཏམ་བཤད་གསན་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་གནང་ནས“སྒྱུར་བཅོས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ”དང་། “སྒྱུར་བཅོས་ཀྱི་གཙོ་གནད་མངོན་པ” “རིན་ཐང་གི་ལྟ་བ་འཛིན་ཕྱོགས་སྟངས་འཛིན་བརྟན་པོ་བྱེད་པ” “བྱ་ཐབས་དང་བྱེད་ཐབས་དོན་གཉེར”བཅས་ཕྱོགས་བཞིའི་ཐད་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་ཇི་ལྟར་གཏོང་བའི་བརྗིད་ཆེའི་འཆར་གཞི་འགོད་པར་འཐབ་ཇུས་ནས་ཁྲིད་སྟོན་གནང་ཡོད།

    —— ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར། ངེས་པར་དུ་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་ལ་བཅིངས་འགྲོལ་དང་ཆེ་རུ་གཏོང་བ་བཅས་བྱེད་དགོས།

    “རིམ་པ་དེ་བས་མཐོ་བའི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་སྔོན་ལ་གྲུབ་པར་བྱེད་དགོས” 2023ལོའི་ཟླ་11ཚེས་30ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་སྟེ་འབྲི་ཆུའི་ཟུར་གསུམ་ཁུལ་ལ་བླང་བྱ་དེ་བས་མཐོ་བ་བཏོན་གནང་བ་མ་ཟད།“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཁྲོད་མདུན་གྲལ་དུ་སྐྱོད་དགོས་པའི”ནན་བཤད་ཀྱང་གནང་ཡོད།

    —— ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར། ངེས་པར་དུ་མ་ལག་འདུས་གྲུབ་ལ་དེ་བས་གཙིགས་ཆེན་དང་། གཙོ་གནད་འབུར་ཐོན་ལ་དེ་བས་གཙིགས་ཆེན། སྒྱུར་བཅོས་ཀྱི་ཕན་འབྲས་ལ་དེ་བས་གཙིགས་ཆེན་བཅས་བྱེད་དགོས།

    ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནི་གཏིང་ཟབ་ལ་ཕྱོགས་ཡོངས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན་ལ། རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཀྱང་ཡིན་པས། ངེས་པར་དུ་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ་མཐའ་འཁྱོངས་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅིས“འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་དགོས་པ”དང་“དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་དོན་དངོས་ཀྱི་དགོས་མཁོ་ནས་འགོ་འཛུགས་པ་དང་ཁ་ཚ་དགོས་གཏུག་གི་བྱ་བ་ནས་དམ་འཛིན་བྱེད་དགོས”ཞེས་བཏོན་གནང་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ཤུགས་རྒྱག་སའི་ཁ་ཕྱོགས་གསལ་པོ་བཏོན་གནང་ཡོད།

    དཔྱིད་རྨོད་དཔྱིད་གྲབས་སྐབས་སྟེ་2024ལོའི་ཟླ་3ཚེས་19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་ཁྲང་ཏེ་གྲོང་ཁྱེར་ཏིང་ཁྲེང་ཆུས་ཞེ་ཅ་ཕུའུ་གྲོང་རྡལ་དུ་ཕེབས། འབྲུ་འདེབས་དུད་ཚང་ཆེ་གྲས་ཏའེ་ཧུང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ན་ནིང་ཞིང་ལས་ཡོང་འབབ་ཁེ་གཙང་སྒོར་ཁྲི་55ལྷག་ཙམ་བྱུང་བ་དང་སྲིད་གཞུང་ནས་ད་དུང་ཁ་གསབ་སྒོར་ཁྲི་7ལྷག་ཙམ་སྤྲད་བྱུང་ཞེས་ཞུས། སྤྱི་ཁྱབ་ཧྲུའུ་ཅིས་གསན་རྗེས་ཐུགས་བློ་མགུ་པོ་བྱུང་ནས“འབྲུ་འདེབས་དུད་ཚང་ལ་གྱོང་གུན་གཏོང་མི་རུང་། ཡོང་འབབ་རག་ཚེ་འབྲུ་རིགས་འདེབས་པའི་སེམས་ཤུགས་འཕེལ་ཐུབ”ཅེས་གསུངས་པ་རེད།

    ཟླ་བ་གཉིས་ལྷག་ཙམ་སོང་རྗེས་ཀྱི་ཟླ་6ཚེས་11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ཞིང་། ཡིག་ཆ་གལ་ཆེན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་རེད།

    —— ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་དང་། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞི། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཕན་ཚུན་སྔར་བས་འཚམ་པར་སྐུལ་འདེད་གཏོང་དགོས།

    སྒྱུར་བཅོས་ཞེས་པ་ནི་ཐོན་སྐྱེད་འབྲེལ་བའི་ནང་གི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་བླང་བྱ་དང་མི་འཚམ་པའི་ཆ་ཤས་ལེགས་སྒྲིག་དང་། སྟེང་གི་བཀོད་པའི་ནང་གི་དཔལ་འབྱོར་རྨང་གཞི་དང་མི་འཚམ་པའི་ཆ་ཤས་ལེགས་སྒྲིག་བྱེད་པ་དེ་ཡིན།

    2023ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ལ་རྟོག་ཞིབ་གནང་སྐབས“ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ཆགས་པར་བྱེད་དགོས”ཞེས་བཏོན་གནང་བ་དང་དེ་རྗེས་ས་ཆ་མང་པོར་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་དང་བཀོད་སྒྲིག་གལ་ཆེན་གནང་བ་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། ཀྲུང་དབྱང་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱིས་སྔ་རྗེས་སུ་ཚོགས་འདུ་ཐེངས་ལྔ་འཚོགས་ཏེ། ས་ཞིང་དོ་དམ་ལམ་ལུགས་སྒྱུར་བཅོས་དང་ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་མགྱོགས་མྱུར་ཆགས་པ་སོགས་སྒྱུར་བཅོས་ཇུས་གཞི་གལ་ཆེན་མང་པོ་ཞིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དེ་ཐོན་སྐྱེད་འབྲེལ་བ་དང་སྟེང་གི་བཀོད་པ་ལེགས་སྒྱུར་ལེགས་སྒྲིག་བྱེད་པར་དམིགས་ཡོད།

    ལོ་46གོང་གི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་འབྱེད་པ་ཞིག་རེད།

    ལོ་11གོང་གི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་འབྱེད་པ་ཞིག་རེད།

    ད་ལྟ་གོམ་ཞེང་ཆེན་པོས་བསྐྱར་དུ་མདུན་སྐྱོད་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་དགོས་ལ་འཚོག་ཉེར་ཡོད་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་དུས་རབས་མཚོན་པའི་ལམ་ཚད་ཀྱི་རྡོ་རིང་གཞན་ཞིག་ཏུ་འགྱུར་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།