དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་ལམ་རྒྱུད་ཀྱི་ཡུལ་ལྗོངས་ལྟ་ན་སྡུག

    —— མཚོ་སྔོན་པོ་ནས་ཀྲུང་གོའི་མཛེས་པ་ཉམས་སུ་མྱོང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-16

    འདི་ནི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉི་ཤུ་པའི་འགྲན་དུམ་བདུན་པ་ཚྭ་ཁ་མཁའ་དབྱིངས་དང་པོ་ནས་ཝུའུ་ལམ་བར་གྱི་འགྲན་བསྡུར་ཁྲོད་འགྲན་ཞུགས་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།

     འདི་ནི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་དང་པོའི་འགྲན་དུམ་ལྔ་པའི་འགྲན་བསྡུར་ཁྲོད་བདམས་ཐོན་པས་མཚོ་ཁུལ་གྱི་རྩྭ་ར་ནས་སྐྱོད་བཞིན་པ།

    འདི་ནི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་དང་པོར་སྟོད་གོས་སྔོན་པོ་གྱོན་པའི་ཀྲུང་གོའི་ཤང་ཀང་རུ་ཁག་གི་རྐང་འཁོར་བ་ཧོང་ཅིན་པའོ་ཡིས་བྱ་དགའ་ལེན་བཞིན་པ།

    འདི་ནི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉི་ཤུ་པའི་འགྲན་དུམ་གསུམ་པ་དགོན་ལུང་ནས་ཁྲི་ཀ་བར་གྱི་འགྲན་བསྡུར་ཁྲོད་འགྲན་ཞུགས་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་23པའི་འགྲན་དུམ་དང་པོའི་ཟི་ལིང་སྐོར་བའི་འགྲན་བསྡུར་ཁྲོད་འགྲན་ཞུགས་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་2023ལོའི་ཟླ་6ཚེས་7ཉིན་པར་བརྒྱབ་པའི་མཚོ་སྔོན་པོའི་མཛེས་ལྗོངས་ཡིན་པ།

    ཚེས་7ཉིན། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་23པ་ས་མཐོའི་གནའ་གྲོང་ཟི་ལིང་དུ་འགོ་ཚུགས་པ་རེད། སྐབས་འདིའི་འགྲན་བསྡུར་ཚེས་7ནས་14ཉིན་བར་གཉེར་ཞིང་། འགྲན་དུམ་ཁག་8ལ་ཕྱེ་བར་ལམ་ཐག་ཧྲིལ་པོར་སྤྱི་ལེ་1255ཡོད། གླིང་ཆེན་བཞི་ནས་ཡོང་བའི་རུ་ཁག་22དང་ཆེད་ལས་རྐང་འཁོར་བ་154ཡིས་མཚོ་བོད་ས་མཐོར་རྩལ་འགྲན་ལུས་རྩལ་གྱི་དཔའ་ཉམས་ངོམ་ཡོད།

    ལོ་23རིང་གི་ཞུན་བརྡར་བརྒྱུད། སྐབས་དང་པོའི་འགྲན་བསྡུར་གྱི་རིམ་པ་2.5ནས་ཨེ་ཤེ་ཡའི་རྩེར་སོན་གཞུང་ལམ་རྐང་འཁོར་འགྲན་བསྡུར་བར་གྱི་འཕོ་འགྱུར་དང་། དེ་ནས་ད་ཆའི་རྒྱལ་སྤྱིའི་རང་མོས་མནའ་འབྲེལ་གྱི་ལས་རིགས་མུ་འབྲེལ་འགྲན་བསྡུར་ལ་གྱུར་པའི་བར། གཞུང་ལམ་རྐང་འཁོར་འགྲན་བསྡུར་ཆེ་གྲས་འདི་འཕེལ་རྒྱས་བརྟན་པོ་འགྲོ་བཞིན་ཡོད།

    ལོ་ཉི་ཤུ་ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད། ད་ཆ་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ལ་ལས་རིགས་འགྲན་བསྡུར་སྒུལ་ཤུགས་སུ་བྱེད་པ་དང་། མཆེད་སྐྱེད་འགྲན་བསྡུར་རྒྱ་སྐྱེད་དུ་བྱེད་པ། ཐོན་ལས་འཕེལ་རྒྱས་དང་རིག་གནས་ཁྱབ་སྤེལ་རམ་འདེགས་སུ་བྱེད་པ། དམངས་ཡོངས་ཀྱིས་ལུས་སྦྱོང་དང་མང་ཚོགས་དེའི་ནང་ཞུགས་པ་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ནས། དེའི་དམིགས་བསལ་གྱི་གསར་གཏོད་ནུས་པ་དང་། ཤུགས་རྐྱེན་ཐེབས་ཤུགས་ཟབ་མོ། སྤུས་རྟགས་ནུས་པ་ཆེན་པོ་བཅས་ཀྱིས་འཛམ་གླིང་གི་ཡིད་དབང་འཕྲོག་བཞིན་ཡོད།

    མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་བྱེད་རིང་གི་ལམ་རྒྱུད་ཀྱི་རི་ཀླུང་དང་མཚོ་མོས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་ས་མཐོའི་ས་གཞི་ཆེན་པོའི་རྩྭ་ཐང་དང་། མཚོ་མོ། ནགས་ཚལ། མེ་ཏོག གངས་རི་བཅས་ལས་གྲུབ་པའི་ལྟ་ན་སྡུག་པའི་རང་བྱུང་གི་རི་མོ་ཞིག་བཤམས་ཏེ། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་གཏོད་པར་རམ་འདེགས་བྱེད་བཞིན་ཡོད།

    མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་སྣེ་ཁྲིད་འོག མཚོ་སྔོན་གྱིས་རྒྱལ་སྤྱིའི་རྨ་ཆུ་དྲག་བརྒལ་གྱི་མཐར་སྙེག་འགྲན་སློང་འགྲན་བསྡུར་དང་། མེ་ལྷ་གངས་དཀར་རྒྱལ་སྤྱིའི་གངས་ཤུད་རི་འཛེག་སྤེལ་རེས་འདུ་ཚོགས་སོགས་ཀྱི་འགྲན་བསྡུར་གཉེར་ནས། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་ལུས་རྩལ་གྱི་དམིགས་བསལ་ནུས་པ་འདོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།