ཀྲུང་གུང་འཐུས་མི་ཚོགས་པས་ཀེ་རི་སེར་འཚམས་འདྲི་བྱས་པ།
ཉིན་ཤས་གོང་། ཀེ་རི་སེའི་དམངས་གཙོ་ཏང་གསར་པའི་གདན་ཞུས་ལྟར་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའི་པུའུ་ཀྲང་གཞོན་པ་ལུའུ་ཁང་གིས་ཀྲུང་གུང་འཐུས་མི་ཚོགས་པའི་སྣེ་འཁྲིད་དེ་ཀེ་རི་སེར་འཚམས་འདྲི་བྱས་པ་དང་། ཀེ་རི་སེའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཧྥུའུ་ལཱ་ཀེ་དབྱང་ཉི་སི་དང་། དམངས་གཙོ་ཏང་གསར་པ་དང་། དྲག་སྐྱོད་གཡོན་རུའི་མནའ་འབྲེལ་ཏང་། ཀེ་རི་སེ་གུང་ཁྲན་ཏང་བཅས་ཀྱི་འགོ་ཁྲིད་པ་དང་དེ་བཞིན་ཇུས་འདོན་ཚོགས་པ་དང་སྨྱན་སྦྱོར་མི་སྣ་དང་མཇལ་འཛོམས་དང་སྤེལ་རེས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་རེད།
ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་52འཁོར་བ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཏང་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་ཀེ་དང་ཀྲུང་ཡོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།