དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཛད་རྫས(ཨོ་སི་ཁྲུ་ལི་ཡ)སྤུས་རྟགས་འགྲེམས་སྟོན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་སྐབས་དང་པོ་ཤིས་ཉི་རུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-16

    ཉིན་ཤས་གོང་། ཀྲུང་གོའི་འཛད་རྫས་(ཨོ་སི་ཁྲུ་ལི་ཡ)སྤུས་རྟགས་འགྲེམས་སྟོན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་སྐབས་དང་པོ་ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་རུ་འཚོགས་ཤིང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་སྲིད་ཕྱོགས་དང་ཚོང་དོན་ལས་རིགས་ཀྱི་འཐུས་མི་དང་སྨྱན་སྦྱོར་མི་སྣ་100ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཀྲུང་གོ་ཚོང་དོན་པུའི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་ལིའུ་ཏེན་ཤུན་གྱིས་འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་ཤིས་ཚིག་བསྒྲོན་ནས་ཨོ་སི་ཁྲུ་ལི་ཡའི་འཛད་སྤྱོད་པས་ད་ཐེངས་ཀྱི་སྤུས་རྟགས་འགྲེམས་སྟོན་བརྒྱུད་སྤུས་ཀ་དག་པའི་ཀྲུང་གོའི་ཐོན་རྫས་དེ་བས་མང་བ་ཤེས་རྟོགས་བྱེད་ཐུབ། དེ་དང་ཆབས་ཅིག་ཀྲུང་གོའི་ཁེ་ལས་ཀྱིས་ཀྱང་ཨོ་སི་ཁྲུ་ལི་ཡའི་ཁྲོམ་རའི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་ཐུབ་ནས་ཚོང་ལས་ཀྱི་གོ་སྐབས་དེ་བས་མང་པོ་རྙེད་ངེས་རེད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་གཉིས་པོའི་འཛད་རྫས་ཁྱབ་ཁོངས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མང་བའི་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་རྒྱུ་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།