དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བཞིས་ཡིག་ཆ་བཀྲམ་ནས་ཁོངས་བརྒལ་ཚོང་དོན་དང་མ་འཇོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-16

    ཉེ་ཆར། ཚོང་དོན་པུའུ་དང་། ཀྲུང་གོ་མི་དམངས་དངུལ་ཁང་། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་བཅས་ཀྱིས་མཉམ་དུ་བཀྲམ་པའི《ཚོང་དོན་དང་དངུལ་རྩའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཁོངས་བརྒལ་ཚོང་དོན་དང་མ་འཇོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ཉེ་ཆར་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པ་རེད།

    བསམ་འཆར་ནང་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་། ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ། “རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་བ་དང་ཕྱི་ཕྱོགས་མ་འཇོག་མཉམ་ལས་སོགས་གཙོ་གནད་ཁྱབ་ཁོངས་དང་མ་དངུལ་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ཉེན་ཁ་འགོག་པ། ཞབས་ཞུ་ལེགས་སུ་གཏོང་བ་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ཕྱོགས་5ཡི་སྲིད་ཇུས་བྱེད་ཐབས་ཁག་11བཏོན་པ་སྟེ། གཅིག་ནས་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་རུ་དང་གྲངས་འབོར་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་དགོས་པ་དང་། གཉིས་ནས་ཕྱི་རྒྱལ་གྱི་མ་དངུལ་གྲངས་འབོར་བརྟན་པོ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས་ཕྱི་རྒྱལ་གྱི་མ་དངུལ་གྱི་དངུལ་རྩའི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་པ། གསུམ་ནས“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཕྱི་ཕྱོགས་ཀྱི་མ་འཇོག་མཉམ་ལས་ཟབ་ཏུ་བཏང་ནས་སྣ་མང་ཅན་གྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་དགོས་པ། བཞི་ནས་ཁོངས་བརྒལ་ཚོང་དོན་དང་མ་འཇོག་འཕེལ་རྒྱས་ལ་སྟབས་བདེ་བསྐྲུན་ནས་གཏོང་སྤྲོད་བསྡོམས་རྩིས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས་པ། ལྔ་ནས་ཁོངས་བརྒལ་ཚོང་དོན་དང་། མ་འཇོག དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།