དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲི་ཐའེ་ཧྥུང་གིས་ཀན་སུའུ་རུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-16

    ཟླ་7ཚེས་10ནས་13ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཧྲི་ཐའེ་ཧྥུང་གིས་ཀན་སུའུ་རུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྐང་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ནས་མི་རིགས་འཆམ་མཐུན་དང་། ཆོས་ལུགས་ཞི་དུལ། སྤྱི་ཚོགས་ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཧྲི་ཐའེ་ཧྥུང་ལན་ཀྲོའུ་གྲོང་ཁྱེར་དང་། ལིན་ཞ་ཧུའེ་རིགས་རང་སྐྱོང་ཀྲོའུ། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མཐོ་སློབ་དང་གྲངས་ཉུང་མི་རིགས་འདུས་སྡོད་ཁྲོམ་གཞུང་དང་གྲོང་གསེབ་བཅས་སུ་ཕེབས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ཞིབ་འཇུག་ལས་དོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱས་ཚུལ་མཁྱེན་རྟོགས་གནང་བ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་སློབ་གླིང་དང་སློབ་གྲྭར་ཕེབས་ཏེ་ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་བ་དང་ཆོས་ལུགས་ཀྱི་དགེ་རྒན་དང་ལས་བཟོ་བ་གསོ་སྐྱོང་བྱས་ཚུལ་མཁྱེན་རྟོགས་གནང་བ། དམངས་གཉེར་ཁེ་ལས་ལ་རྟོག་ཞིབ་གནང་སྟེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཚུལ་མཁྱེན་རྟོགས་གནང་བ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དང་། ཐོན་ལས་གླིང་། སློབ་གྲྭ གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁྱིམ་བཅས་སུ་ཕེབས་ཏེ་གེགས་རྗེས་ཀྱི་རོགས་སྐྱོར་བཀོད་སྒྲིག་དང་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

    ཧྲི་ཐའེ་ཧྥུང་གིས་གསུངས་དོན། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལོ་རྒྱུས་ཀྱི་དཔྱད་ཡིག་དང་ལོ་རྒྱུས་དངོས་དང་། རིག་གནས་རྗེས་ཤུལ། དམངས་སྲོལ་རིག་གནས་སོགས་སྔོག་འདོན་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་རང་བདག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་མ་ལག་དང་། གཏམ་བཤད་མ་ལག རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་ཆགས་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་རྒྱས་བཤད་བྱེད་དབང་དང་གཏམ་དབང་ལ་དམ་འཛིན་ཏན་ཏིག་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་དང་། ལྷག་པར་དུ། གཞོན་ནུ་ལོ་ཆུང་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་འཆང་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཕན་ཚུན་ཕྲ་བཏབ་པ་ལྟར་གྱི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་ཏེ་མི་རིགས་ཁག་གི་མང་ཚོགས་དབར་གྱི་འགྲོ་འོང་དང་མཉམ་སྡོད་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཡོང་བར་སྐུལ་འདེད་གཏོང་དགོས།

    ཧྲི་ཐའེ་ཧྥུང་གིས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་རང་རྒྱལ་གྱི་ཆོས་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རིང་རང་འགུལ་ངང་ཀྲུང་གོའི་སྤྱི་ཚོགས་དང་ཀྲུང་ཧྭའི་རིག་གནས་ནང་མཉམ་འདྲེས་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་དེ་བས་ལེགས་པའི་སྒོ་ནས་འཚམ་མཐུན་ཡོང་བར་བྱེད་དགོས་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས“དགའ་ཞེན་གསུམ”དང“ལོ་རྒྱུས་བཞིའི”སློབ་གསོ་རྒྱུན་མཐུད་སྤེལ་ཏེ། ཁོང་ཚོར་སྔར་བས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱིས་ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་བར་རྒྱབ་སྐྱོར་དང་། ཆོས་ལུགས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆོས་ལུགས་སློབ་གླིང་དང་སློབ་གྲྭའི་ནུས་པ་ཧུར་ཐག་འདོན་པ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཆོས་ལུགས་ཀྱི་གསུང་རབ་དང་བསྟན་དོན་ལ་བྱང་ཆུབ་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལའང་བྱང་ཆུབ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི“བྱང་ཆུབ་པ་གཉིས”ཀྱི་ཤེས་ལྡན་པ་དེ་བས་མང་པོ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།