དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐྱེ་ཁམས་འདམ་རར་ཞི་མཐུན་མཉམ་གནས་བཟང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-16

    ཟླ་7ཚེས་14ཉིན། ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཅང་ཡན་ཆུས་ཆིན་ཧུའུ་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་ཤྭ་བ་རྔ་རིང་བློ་བདེ་བག་ཕེབས་ངང་ཟས་འཚོལ་བ་དང་ངང་པ་མགོ་ལྗང་ཁྱུ་ཤྭ་བ་རྔ་རིང་ཡོད་སའི་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་ངང་གིས་མངོན། ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གས་དུས་ཡུན་རིང་པོའི་ནང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་དང་འདམ་ར་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་གྱིས་1996ལོར་ཤྭ་བ་རྔ་རིང་བཞི་ནང་འདྲེན་བྱས་ནས་སྲུང་སྐྱོང་དང་གསོ་ཚགས་བྱས་པས། ད་ཆ་ཤ་བ་རྔ་རིང་གི་གྲངས་འབོར་180ལྷག་ཙམ་ཟིན་ཡོད་ལ་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོད་པས་དུས་བྱ་སྣ་ཚོགས་འཚོ་སྡོད་བྱ་ཡུལ་དུ་གྱུར་ཡོད། འདི་ནི་ཟླ་7ཚེས་14ཉིན། ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཅང་ཡན་ཆུས་ཆིན་ཧུའུ་མཚེའུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་ཤྭ་བ་རྔ་རིང་བློ་བདེ་བག་ཕེབས་ངང་ཟས་འཚོལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།