དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཞང་ཞུང་གི་གནའ་ཉམས། མཁའ་དབྱིངས་ཀྱི་མངའ་རིས”ཀྱི་དྲ་རྒྱའི་བརྙན་པར་འགྲན་བསྡུར་ཆེ་མོ་སྐབས་བཞི་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-16

    ཟླ་7པར་མངའ་རིས་ཀྱི་ཕྱོགས་གང་སར་པིར་ལས་འཁྲུངས་པ་ལྟར་གྱི་དབྱར་གཞུང་གི་མཛེས་ཉམས་ཀྱིས་ཕྱུག་ཅིང་། རབ་ཏུ་འཚེར་བའི་ཉི་འོད་འོག“ཞང་ཞུང་གི་གནའ་ཉམས། མཁའ་དབྱིངས་ཀྱི་མངའ་རིས”ཞེས་པའི་དྲ་རྒྱའི་བརྙན་པར་འགྲན་བསྡུར་ཆེ་མོ་སྐབས་བཞི་པ་དངོས་སུ་འགོ་ཚུགས་པ་རེད། སྐབས་འདིའི་དྲ་རྒྱའི་བརྙན་པར་འགྲན་བསྡུར་ཆེ་མོ་ནི་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་མཛུབ་ཁྲིད་འོག ཀྲུང་གུང་མངའ་རིས་ས་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སིས་གཉེར་འགན་ཁུར་ཞིང་། “ཞང་ཞུང་གི་གནའ་ཉམས། མཁའ་དབྱིངས་ཀྱི་མངའ་རིས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཟླ་7ཚེས་10ཉིན་ནས་བཟུང་སྤྱི་དམངས་ལ་ཕྱོགས་ཏེ་མངའ་རིས་ཀྱི་གཟུགས་བརྙན་བཟང་པོ་མངོན་པའི་བརྙན་པར་བརྩམས་ཆོས་བསྡུ་རྒྱུ་ཡིན་པ་དང་། 2024ལོའི་ཟླ་8ཚེས་10ཉིན་གྱི་ཆུ་ཚོད་24ལ་བརྩམས་ཆོས་བསྡུ་མཚམས་འཇོག་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་དྲ་རྒྱའི་བར་མཐོངས་ཀྱི་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མངའ་རིས་གསར་པའི་གཟུགས་བརྙན་བཟང་པོ་ཁྱོན་ཡོངས་ནས་མངོན་པར་བྱས་ཏེ། ས་ཁུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་ཡོད། སྐབས་འདིའི་དྲ་རྒྱའི་བརྙན་པར་འགྲན་བསྡུར་ཆེ་མོའི་ནང་ཞུགས་རྒྱུའི་བརྩམས་ཆོས་དྲ་ཐོག་བརྒྱུད་ནས་བསྡུ་རྒྱུ་ཡིན་ཞིང་། པར་རིས་དང་བརྙན་ཐུང་རིགས་གཉིས་ལ་ཕྱེ་སྟེ་མངའ་རིས་ཀྱི་རང་བྱུང་མཛེས་ལྗོངས་དང་། སྐྱེ་ཁམས་ཁོར་ཡུག སྤྱི་ཚོགས་འཚོ་བ། དམངས་སྲོལ་དང་ཡུལ་གོམས་གཤིས་ལུགས། གྲོང་ཁྱེར་འཛུགས་སྐྲུན། མིའི་གཟུགས་བརྙན་པར་ལེན། མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་ལྡན་པའི་གསར་རྩོམ་པར་རིས་དང་བརྙན་ཐུང་སོགས་ཀྱི་བརྩམས་ཆོས་བསྡུས་ནས་འགྲན་ཞུགས་པ་ཚོས་བརྙན་ཤེལ་སྤྱད་ནས་མངའ་རིས་ཀྱི་གཟུགས་བརྙན་བཟང་པོ་འགོད་པ་དང་། མངའ་རིས་ཀྱི་སྐད་སྒྲ་བརྒྱུད་བསྒྲགས། མངའ་རིས་ཀྱི་གཏམ་རྒྱུད་བརྗོད་པ་བཅས་བྱས་ཏེ་མི་དེ་བས་མང་བས་མངའ་རིས་ཤེས་རྟོགས་དང་། མངའ་རིས་སུ་སྐྱོད་པ། མངའ་རིས་འཕེལ་རྒྱས་གཏོང་བ་བཅས་བྱེད་པར་ལྕག་སྐུལ་བྱས་ཡོད།

    དཔྱད་འདེམས་དྲང་གཞག་དྲང་བདེན་ཡོང་བའི་འགན་ལེན་བྱ་ཆེད། གཙོ་གཉེར་ཕྱོགས་དང་གཉེར་འགན་འཁུར་མཁན་ཕྱོགས་ཀྱིས་བརྩམས་ཆོས་བསྡུ་མཇུག་འགྲིལ་རྗེས། གྲགས་ཅན་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཞིབ་དཔྱད་ཨུ་ལྷན་བཙུགས་ཏེ་སྔ་ཞུས་དང་། བར་ཞུས། ཆབ་སྲིད་ཐོག་གི་ཞིབ་བཤེར། མཐའ་ཞུས་བཅས་ལྷུ་ཚིགས་བཞི་གཞིར་བཟུང་དཔྱད་འདེམས་བྱ་རྒྱུ་དང་། མཐར་སྐར་གྲངས་མཐོ་དམན་ལ་གཞིགས་ནས་བརྩམས་ཆོས་ཀྱི་ཨང་རིམ་གཏན་འཁེལ་བྱ་རྒྱུ་ཡིན་ཞིང་། བརྩམས་ཆོས་རིགས་དེ་གཉིས་ལ་བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ། ཕུལ་བྱུང་བྱ་དགའ་བཅས་བྱ་དགའི་ཨང་རིམ་བཞི་རེ་བཀོད་སྒྲིག་བྱས་ཡོད་པ་མ་ཟད། རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་བརྩམས་ཆོས་ལ་དམིགས་ནས་རྩ་འཛུགས་ཡག་ཤོས་ཀྱི་བྱ་དགའ་ལོགས་སུ་བཀོད་སྒྲིག་བྱས་ཡོད་པས། ལྗོངས་ཕྱི་ནང་གི་རྒྱ་ཆེའི་དྲ་གྲོགས་དང་ལས་རིགས་ཁག་གི་གྲོགས་པོ་ལྷན་རྒྱས་འགྲན་བསྡུར་ལ་ཧུར་ཐག་ཞུགས་རྒྱུར་ལྷག་བསམ་ཟོལ་མེད་ཀྱིས་གདན་ཞུ་བྱ་རྒྱུ་ཡིན།

    བྱ་དགའི་དངུལ་གྲངས་བཀོད་སྒྲིག

    བརྙན་ཐུང་རིགས་ཀྱི་བྱ་དགའ།

    བྱ་དགའ་ཨང་དང་པོ་1

    མི་རེར་བྱ་དགའི་དངུལ་སྒོར་10000དང་ཁྱོན་བསྡོམས་སྒོར་10000ཡོད།

    བྱ་དགའ་ཨང་གཉིས་པ་2

    མི་རེར་བྱ་དགའི་དངུལ་སྒོར་6500དང་ཁྱོན་བསྡོམས་སྒོར་13000ཡོད།

    བྱ་དགའ་ཨང་གསུམ་པ་3

    མི་རེར་བྱ་དགའི་དངུལ་སྒོར་3500དང་ཁྱོན་བསྡོམས་སྒོར་10500ཡོད།

    ཕུལ་བྱུང་བྱ་དགའ་3

    མི་རེར་བྱ་དགའི་དངུལ་སྒོར་1500དང་ཁྱོན་བསྡོམས་སྒོར་4500ཡོད།

    པར་རིས་རིགས་ཀྱི་བྱ་དགའ།

    བྱ་དགའ་ཨང་དང་པོ་1

    མི་རེར་བྱ་དགའི་དངུལ་སྒོར་9000དང་ཁྱོན་བསྡོམས་སྒོར་9000ཡོད།

    བྱ་དགའ་ཨང་གཉིས་པ་2

    མི་རེར་བྱ་དགའི་དངུལ་སྒོར་6000དང་ཁྱོན་བསྡོམས་སྒོར་12000ཡོད།

    བྱ་དགའ་ཨང་གསུམ་པ་3

    མི་རེར་བྱ་དགའི་དངུལ་སྒོར་3000དང་ཁྱོན་བསྡོམས་སྒོར་9000ཡོད།

    ཕུལ་བྱུང་བྱ་དགའ་3

    མི་རེར་བྱ་དགའི་དངུལ་སྒོར་1000དང་ཁྱོན་བསྡོམས་སྒོར་3000ཡོད།

    རྩ་འཛུགས་ཡག་ཤོས་ཀྱི་བྱ་དགའ།

    རྩ་འཛུགས་ཡག་ཤོས་ཀྱི་བྱ་དགའ་2

    བྱ་དགའི་དངུལ་སྒོར་1000དང་ཁྱོན་བསྡོམས་སྒོར་2000ཡོད།

    བརྩམས་ཆོས་བསྡུ་བའི་ཞིབ་སྲོལ།

    1.ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་པར་ལེན་འགྲན་བསྡུར་ཆེ་མོར་དྲང་གཞག་དང་། དྲང་བདེན། ཡོངས་བསྒྲགས་བཅས་ཀྱི་རྩ་དོན་གཞིར་བཟུང་འགྲན་ཞུགས་བརྩམས་ཆོས་ལ་འདེམས་སྒྲུག་ནན་པོ་བྱེད་དགོས།

    2.བརྩམས་ཆོས་དེ་ངེས་པར་དུ་འགྲན་ཞུགས་མཁན་གྱིས་རང་ཉིད་ཀྱིས་ལེགས་སྒྲུབ་བྱས་པའི་མ་རྩོམ་ཡིན་དགོས། པར་ལེན་བྱ་ཡུལ་ནི་མངའ་རིས་ཀྱི་མངའ་ཁོངས་ཡིན་དགོས(དེ་སྔའི་གནས་ཡུལ་གྱི་པར་རྙིང་པ་དང་གསར་རྙིང་བསྡུར་བའི་པར་རིས་ཟུར་དུ་སྦྱར་ཆོག་པ་དང་པར་རྙིང་པའི་ཡོང་ཁུངས་དང་པར་དབང་གསལ་པོར་འགོད་དགོས)མི་གཞན་གྱི་བརྩམས་ཆོས་རྐུ་བཤུས་བྱེད་མི་ཆོག རྐུ་བཤུས་བྱས་པ་ཤེས་ཚེ་འགྲན་ཞུགས་ཐོབ་ཐང་མེད་པར་བཟོ་དགོས།

    3.བརྩམས་ཆོས་ཀྱི་བསམ་གཞི་ཡག་པོ་དགོས་པ་དང་། ནང་དོན་ནི་ཡར་བརྩོན་ཡར་སྐུལ་ཡིན་དགོས། པར་རིས་ཀྱི་བརྗོད་དོན་མངོན་གསལ་དོད་པ་དང་ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་ནང་དོན་དང་མཐུན་དགོས།

    4.པར་རིས་རིགས་ཀྱི་འགྲན་ཞུགས་བརྩམས་ཆོས་ནི་JPGཚད་གཞི་ཡིན་དགོས་པ་དང་། པར་རིས་ཆེ་ཆུང་3Mཡན་ཡིན་དགོས།

    5.བརྙན་ཐུང་རིགས་ཀྱི་འགྲན་ཞུགས་བརྩམས་ཆོས་ནི་MP4ཚད་གཞི་ཡིན་དགོས་པ་དང་། བརྙན་ཐུང་གསལ་ཚད་1080Pལས་དམའ་མི་ཆོག བརྩམས་ཆོས་ཀྱི་དུས་ཚོད་རིང་ཤོས་སྐར་མ་10ལས་བརྒལ་མི་ཆོག

    6.རྩོམ་པ་པོ་རེས་བརྩམས་ཆོས་20(བརྙན་ཐུང་དང་པར་རིས་ཚུད་པ)ལས་མང་བ་བསྐུར་མི་ཆོག འོན་ཀྱང་པར་རིས་སྡེབ་སྒྲིག་པར་4ནས་12བར་བསྐུར་ཆོག་པ་དང་པར་རིས་ཀྱི་ཨང་རིམ་ཟུར་དུ་འགོད་དགོས།(སྡེབ་སྒྲིག་པར་རིས་དེ་བརྩམས་ཆོས་1ལ་བརྩི་གི་ཡིན)

    7.བརྩམས་ཆོས་ཚང་མར་ངེས་པར་དུ་བརྩམས་ཆོས་ཀྱི་ཁ་བྱང་དང་། པར་ལེན་གྱི་ས་གནས། བརྩམས་ཆོས་ཀྱི་འགྲེལ་བཤད་བཅས་ཁ་གསལ་འགོད་དགོས་པ་མ་ཟད། བསྐུར་བའི་ཡིག་ཁུག་ཐོག་རྩོམ་པ་པོའི་མིང་དང་། འབྲེལ་གཏུག་ཁ་པར། གནས་ཡུལ་ཞིབ་ཕྲ་བཅས་འགོད་དགོས།

    8.འགྲན་ཞུགས་བརྩམས་ཆོས་ཀྱི་ངོས་གང་རུང་ཐོག་རྩོམ་པ་པོའི་མཚོན་རྟགས་དང་། བྲིས་རྟགས། གསང་ཤུལ་བཅས་ཡོད་མི་ཆོག་པ་དང་། བརྩམས་ཆོས་ལ་མཐའ་སྒྲོམ་བཟོ་མི་ཆོག

    9.རྩོམ་པ་པོས་བསྐུར་བའི་བརྩམས་ཆོས་ལ་རང་བདག་ཆ་ཚང་གི་བརྩམས་དབང་དང་པར་དབང་ཡོད་དགོས། རྩོམ་པ་པོས་བརྩམས་ཆོས་དང་འབྲེལ་བ་ཡོད་པའི་བརྩམས་དབང་དང་། པར་དབང་། འདྲ་པར་གྱི་བདག་དབང་། མིང་གྲགས་ཐོབ་དབང་སོགས་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།

    10.བརྩམས་ཆོས་བསྡུ་བའི་ཁྱབ་ཁོངས་ནི་མངའ་རིས་མངའ་ཁོངས་ཀྱི་བརྗོད་བྱ་ཁོ་ན་ཡིན་དགོས་པ་དང་། འགྲན་བསྡུར་ཆེ་མོར་མཉེན་ཆས་ཀྱི་དྲས་སྦྱར་བརྩམས་ཆོས་དང་མཉེན་ཆས་ཀྱི་བཟོ་བཅོས་ཐལ་དྲགས་པའི་བརྩམས་ཆོས་བསྡུ་གི་མིན།

    11.གཙོ་གཉེར་ཕྱོགས་ལ་བྱ་དགའ་ཐོབ་པ་དང་བདམས་ཐོན་བྱུང་བའི་བརྩམས་ཆོས་འགྲེམས་སྟོན་བྱེད་པ་དང་། པར་དེབ་བཟོ་བ། ཚགས་པར་དང་དུས་དེབ་ཐོག་འགོད་པ། དྲིལ་བསྒྲགས་འགྲེམས་སྟོན(ཚོང་ལས་ཀྱི་སྤྱོད་སྒོ་མིན་པ)བཅས་སུ་སྤྱོད་དབང་ཡོད་ཅིང་། རྩོམ་པ་པོར་རྩོམ་ཡོན་མི་སྤྲོད་རྒྱུ། འོན་ཀྱང་རྩོམ་པ་པོར་མིང་འགོད་དབང་དང་རྩོམ་དབང་ཡོད།(བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་པར་དབང་ཀྲུང་གུང་མངའ་རིས་ས་ཨུད་དྲ་འཕྲིན་གཞུང་དོན་ཁང་ལ་ཡོད)

    རྩོམ་བསྐུར་ཡིག་སྒམ། aliyingxiang2024@163.com

    འདྲི་རྩད་ཁ་པར། 13989008850

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།