དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གྲྭ་ཆེ་མོ་བས་དབྱར་གསེང་རིང་གཞི་རིམ་དུ་བསྐྱོད་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-16

    རྒྱལ་སའི་སློབ་གྲྭ་ཆེ་མོ་བའི་བརྗོད་དོན་གཙོ་བོའི་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་ཏག་ཏག་དབྱར་གསེང་དང་སྐབས་འཁེལ་ནས་པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་སུ་སྤེལ་ཞིང་། མཐོ་སློབ་60ལྷག་ཙམ་གྱི་སློབ་མ་1000ལྷག་ཙམ་ཞུགས་ཡོད་པ་རེད། སློབ་མ་ཚོ་ཕིང་ཀུའུ་ཆུས་ཀྱི་ཤང་གྲོང་དང་ཁྲོམ་གཞུང་ཁག་ཏུ་བསྐྱོད་ནས་རང་ཉིད་ཀྱིས་སྦྱངས་པའི་ཆེད་ལས་ཤེས་བྱ་དང་ཟུང་འབྲེལ་གྱིས་ཁྲོམ་རའི་བརྟག་ཞིབ་དང་། ཞིང་ལས་ཐོན་རྫས་ཐད་གཏོང་ཕྱིར་ཚོང་། སྨྱན་སྦྱོར་གསར་པ་གཉེར་སྐྱོང་། གྲོང་མིར“གྲོང་ཚོའི་སློབ་ཚན”འཁྲིད་པ་སོགས་ཀྱི་བྱེད་སྒོར་ཞུགས་ཏེ་སྦྱངས་པ་གོ་ཆོད་པར་བྱས་ནས་སྤྱི་ཚོགས་ཀྱི་ལག་ལེན་འཇོན་ཐང་ཆེ་རུ་བཏང་བ་དང་ཆབས་ཅིག་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་ཤིང་། འདི་ནི་པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་ཕིང་ཀུའུ་གྲོང་རྡལ་པེ་ཐའེ་ཐོའུ་གྲོང་ཚོ་ཨུ་ལྷན་དུ་རྒྱལ་སའི་དགེ་འོས་སློབ་ཆེན་གྱི་སློབ་མས་ཐད་གཏོང་བརྒྱུད་ནས་མ་རྨོས་ལོ་ཏོག་འཚོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།