དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། མཁས་དབང་གྲགས་ཅན་གྱི་འཆད་སྟེགས”ཐེངས་བཞི་པ་དང་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ལ་དྲན་གསོ་ཞུ་བའི་བློ་འབྱེད་སྒྲོག་འགྲེལ་བྱེད་སྒོ་གཞིས་རྩེར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-16

    འདི་ལོ་ནི་རྒྱལ་རྩེའི་དབྱིན་འགོག་སྲུང་སྐྱོབ་དམག་འཁྲུག་ལངས་ནས་ལོ་120འཁོར་བའི་ལོ་ཞིག་རེད། སྐབས་དེར་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུས་གཉེར་འགན་འཁུར་བའི“དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། མཁས་དབང་གྲགས་ཅན་གྱི་འཆད་སྟེགས”ཐེངས་བཞི་པའི་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་རྫོང་རིའི་འདབས་སུ་སྤེལ་ནས་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ལ་དྲན་གསོ་ཞུ་བའི་བློ་འབྱེད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

    ཟླ་7ཚེས་10ཉིན་རྫོང་རིའི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་ཞིབ་པུའི་དགེ་རྒན་ཆེ་མོ་བ་ཆོས་འཛོམས་དང་། རང་སྐྱོང་ལྗོངས་རིམ་པའི་གཞི་རིམ་སྒྲོག་འགྲེལ་པ་ཉི་མ་ཚེ་རིང་། རྒྱལ་རྩེ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ་མིག་དམར་ཚེ་རིང་སོགས་གདན་དྲངས་ནས་སྐུ་མགྲོན་གཙོ་བོ་དང་མཉམ་སྤྱོད་སྐུ་མགྲོན་གྱི་འགན་འཁུར་ཏེ་རྒྱལ་རྩེའི་དབྱིན་འགོག་འཐབ་རྩོད་ཁྲོད་སྔོན་གཤེགས་དཔའ་བོ་ཚོས་བཙན་འཛུལ་པར་འགོག་རྒོལ་དང་རྒྱལ་ཁབ་ཀྱི་བདག་དབང་སྲུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་འགྲེལ་བཤད་བརྒྱབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། མཁས་དབང་གྲགས་ཅན་གྱི་འཆད་སྟེགས”ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་བོད་ལ་དམངས་གཙོའི་སྒྱུར་བཅོས་བྱས་ནས་ལོ་65འཁོར་བར་བསུ་བ་ཞུ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་མི་དམངས་དྲ་བས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ནས་བཏོན་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་ཞིག་རེད། བྱེད་སྒོ་དེ་ཐེངས་བཞི་སྤེལ་བ་དང་རྗེས་སུ་ད་དུང་མངའ་རིས་དང་། ལྷོ་ཁ། ནག་ཆུ། ཆབ་མདོ་སོགས་ས་ཁུལ་དང་གྲོང་ཁྱེར་དུ་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།