དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2024ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་ཚེས་21ཉིན་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-16

    ཚེས་12ཉིན་གྱི་སྔ་དྲོ་གསར་འགོད་པར་2024ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་རྐང་འཁོར་ལུས་རྩལ་མཐུན་ཚོགས་དང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བའི་2024ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་ཟླ་7ཚེས་21ཉིན་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འགོ་འཛུགས་རྒྱུ་རེད།

    2024ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་ཟླ་7ཚེས་21ཉིན་གྱི་ཆུ་ཚོད་9པར་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལྷོ་སྒོར་འགོ་འཛུགས་རྒྱུ་དང་མཐའ་སྣེ་ཕོ་བྲང་པོ་ཏ་ལའི་འདབས་སུ་ཡིན་པར་བསྡོམས་ལམ་ཐག་སྤྱི་ལེ་72.1ཡོད་པ་དང་འགྲན་བསྡུར་ནང་ཞུགས་མཁན་500ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།