དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ཀྱི་རྣམ་པ་གསར་པ་གཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་པ་ནི་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས“སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་རྒྱུན་འཛིན་སྔོན་ལ་འཇོག་རྒྱུ”མཐའ་འཁྱོངས་ཀྱིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྣམ་པ་གསར་པ་བཏོད་དེ་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་ལ་སྐུལ་འདེད་བཏང་བ་རེད།

    མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་དུས་འགོའི་གྲོན་དངུལ་སྒོར་ཁྲི་180བཀོད་སྒྲིག་བྱས་ནས་ལྕགས་རི་རིང་པོ་དང་། རྒྱང་སྐྱོད། རྨ་ཆུ། འབྲི་ཆུ་བཅས་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་སྲུང་སྐྱོང་འཆར་འགོད་བཟོ་རྒྱུར་རྒྱབ་སྐྱོར་བྱས་ཏེ་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་གྱི་གཙོ་རྒྱུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ཅིང་། 《མཚོ་སྔོན་ཞིང་ཆེན་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་སྲུང་སྐྱོང་འཆར་འགོད》བཀྲམ་ནས“རྨ་ཆུའི་རིག་གནས་ཤུལ་བཞག་ཐོན་ཁུངས་བརྟག་དཔྱད་དང་རྨ་ཆུའི་རིག་དངོས་གལ་ཆེན་ཉམས་གསོར་སྐུལ་འདེད་གཏོང་བ”སོགས་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། རྨ་ཆུའི་རིག་གནས་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས། བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་བཅས་ལ་སྐུལ་འདེད་བཏང་བ་རེད།

    རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཁྱོན་ཀྲུང་དབྱང་གི་སྔོན་རྩིས་ནས་མ་དངུལ་སྒོར་དུང་ཕྱུར་3.4བརྩོན་ལེན་བྱས་ནས་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་རྣམ་གྲངས་14ལག་བསྟར་བྱས་པ་དང་། ཚད་གཞི་མཐོ་བའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་། ཡུལ་སྐོར་གསང་སྤྱོད། སྐྱེ་ཁམས་རླངས་འཁོར་འཇོག་ས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། ཁོར་ཡུག་ལེགས་སུ་གཏོང་བར་མཐོང་ཆེན། རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བཅས་བྱས་པས། ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་གྱི་ཡིད་དབང་འགུག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད།

    གཙོ་གནད་རིག་དངོས་སྲུང་སྐྱོང་དང་གནའ་རྫས་རྟོག་ཞིབ་སྔོག་འདོན་གྱི་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་ཀྲུང་དབྱང་གི་སྔོན་རྩིས་ནས་མ་དངུལ་སྒོར་དུང་ཕྱུར་1.3དོན་འཁྱོལ་བྱས་ཏེ་རིག་དངོས་སྲུང་སྐྱོང་གི་རྣམ་གྲངས་7ལག་བསྟར་བྱས་པ་དང་སྲུང་སྐྱོང་དོ་དམ་དང་། འགྲེམས་སྟོན་བེད་སྤྱོད། ལེ་ལག་ཚང་བའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གནའ་ཤུལ་གལ་ཆེན་གྱི་རྟོག་ཞིབ་ནུས་པ་དང་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་སྟེ་གནའ་རྫས་རྟོག་ཞིབ་ཀྱི་མ་དཔེ་གསོག་ཉར་དང་། ཉམས་གསོ། ཞིབ་འཇུག་སོགས་ཀྱི་ནུས་པ་སྣ་ཚོགས་ཀྱི་དགོས་མཁོ་སྔར་བས་བསྐངས་པ་དང་། སྤོ་མི་རུང་བའི་རིག་དངོས་ལ་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཁར། རིག་དངོས་ཞིབ་འཇུག་འགྲེལ་བཤད་དང་འགྲེམས་སྟོན་བརྒྱུད་བསྒྲགས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།