དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“དུས་བདེ་དང་། ཞི་མཐུན། ཡ་རབས། རིམ་ལྡན”བཅས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་2200ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་འགྲོ་སོང་ཁྱོན་སྒོར་དུང་ཕྱུར་191ཟིན་ཏེ་དུས་མཚུངས་ལས་23.7%དང་20%སོ་སོར་འཕར་བ་རེད། མཚོ་སྔོན་དུ་ཡུལ་སྐོར་བ་ཡོང་མང་བའི་དུས་སྐབས་སླེབས་པ་དང་བསྟུན་ནས། ཡུལ་སྐོར་བ་སྐྱིད་སྣང་དོད་པ་དང་། བློ་བདེ་བ། བདེ་འཇགས་ལྡན་པ་བཅས་ཡོང་ཆེད། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཁྱོན་ཡོངས་ནས་བཀོད་སྒྲིག་དང་། དུས་བདེའི་རིག་གནས་ཡུལ་སྐོར་ལས་དོན་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་སྐུལ་འདེད་བཏང་ནས་དུས་བདེ་དང་། ཞི་མཐུན། ཡ་རབས། རིམ་ལྡན་བཅས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་བཏོད་པ་རེད།

    མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་། ཁྲོམ་ར་བཅོས་སྒྲིག་དང་ཞབས་ཞུའི་སྤུས་ཚད་མཐོར་གཏོང་ལས་དོན་ཚོགས་འདུ་སོགས་སྔ་རྗེས་སུ་ཆེད་དོན་ཚོགས་འདུ་ཐེངས་7འཚོགས་ནས་གྲལ་བཤེར་བཅོས་སྒྲིག་ལས་འགན་དོན་འཁྱོལ་བྱས་ཏེ། ཡུལ་སྐོར་དང་འབྲེལ་བའི་ཉེན་ཡོད་གནད་དོན་གྲལ་བཤེར་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་བ་རེད། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་གཙོ་གནད་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་འབྲེལ། དུས་ཆེན་དང་གུང་གསེང་སོགས་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་ལ་དམིགས་ནས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ལ་དུས་ཐོག་ཏུ་བདེ་འཇགས་ཐད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་ཟོན་བྱེད་དགོས་པའི་དྲན་སྐུལ་དང་། སྤྱི་ཚོགས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་ཐེར་འདོན་ཁ་པར་ཁྱབ་བསྒྲགས། རིག་གནས་ཡུལ་སྐོར་ཁེ་ལས་51གི་འགན་འཁུར་བར་གཅིག་སྡུད་ཐོག་ཉེན་གཏོང་དྲན་སྐུལ་གྱི་གླེང་མོལ་བཅས་བྱས་པ་རེད། གནས་གཏན་འཁེལ་གྱིས་ཞིབ་བསྡུར་དང་རེ་རེ་བཞིན་གྲལ་བཤེར་བྱས་པ་བརྒྱུད། ས་ཁུལ་ཁག་གི་ཕྱོགས་14ཐད་ཀྱི་ཐུན་མོང་གི་གནད་དོན་དང་ཡུལ་སྐོར་དང་འབྲེལ་བའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཁག་127གཅིག་བསྡུས་ཐོག་གསེད་བཀྲོལ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་སྲིད་གཞུང་8དང་གཙོ་གནད་ཡུལ་སྐོར་རྫོང་23གྱི་འགན་འཁུར་བར“ལས་ཀའི་དྲན་སྐུལ་ཡི་གེ”བཏང་ནས་དུས་ཐོག་ཏུ་དྲན་སྐུལ་ཡག་པོ་བྱས་པ་རེད།

    རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ་ཞིབ་བཤེར་རྩིས་ཐོ་དང་མངོན་མེད་རྐྱེན་ངན་གྱི་ལས་ཐོ་བཟོས་ཤིང་། “མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”དང་། མངོན་གསལ་དུ་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་སོགས་ཀྱི་རྣམ་པ་བརྒྱུད། མི་མང་པོ་འདུས་པའི་རིག་གནས་ཡུལ་སྐོར་བྱ་ཡུལ་གྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་དང་རིག་གནས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པས་ཉེན་ཁ་དང་མངོན་མེད་རྐྱེན་ངན་97ཤེས་རྟོགས་བྱུང་བར་དུས་ཐོག་ཏུ་ལན་སྤྲད་དེ་འཕྲལ་དུ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་ཆབས་ཅིག གཙོ་གནད་ས་ཁུལ་དང་གཙོ་གནད་གནས་ཡུལ་ལ་དམ་པོར་བསྡིགས་ཏེ་ཁྲོམ་རའི་གནས་ཚུལ་གཞིར་བཟུང་མཚོ་སྔོན་པོ་དང་། ཚྭ་ཁའི་ཚྭ་མཚོ། སྐུ་འབུམ་དགོན་སོགས་གཙོ་གནད་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁྲོམ་རའི་འཁོར་སྐྱོད་གནས་ཚུལ་དུས་ཐོག་ཏུ་བརྙན་ལམ་བཀོད་གཏོང་བྱས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དག་ཐེར་བྱེད་པའི་ཐད་སླར་ཡང་དྲན་སྐུལ་དང་སླར་ཡང་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།

    ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཐོལ་བྱུང་སྤྱི་པའི་དོན་རྐྱེན་ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་བྱས་ཐོག རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ་དང་བཀོད་འདོམས་བཀོད་གཏོང་སོགས་ཚན་པ་8དང་ཟུང་འབྲེལ་དམ་ཟབ་བྱས་ནས། མཛེས་ལྗོངས་ཁུལ་གྱི་མི་ཚོགས་ཁ་འགྲེམས་དང་། འཇིགས་རྒོལ་གཏུམ་འགོག དམིགས་བསལ་སྒྲིག་ཆས་རོགས་སྐྱོབ། མེ་ཟོན་མེ་གསོད་སོགས་ཀྱི་ནང་དོན་ནང་སྦྱོང་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་གསོ་སྦྱོང་འཛིན་གྲྭ་གཉེར་ནས་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲིའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་དང་། “མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་། འཕྲལ་སྡོམ་བྱེད་ཤེས་པ་ནས་ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་ཐུབ་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད། བདེ་འཇགས་ཡུལ་སྐོར་དང་ཡ་རབས་ཡུལ་སྐོར་གྱི་ཤ་ཚའི་དྲན་སྐུལ་དུས་ཐོག་ཏུ་བྱས་པ་དང་འབྲེལ། ཞིང་ཆེན་གནམ་གཤིས་ཅུས་དང་མཉམ་འབྲེལ་བྱས་ནས་དུས་ཆེན་དང་གུང་གསེང་སྐབས་ཀྱི་གནམ་གཤིས་སྔོན་བརྡ་བཏང་སྟེ། རྒྱ་ཆེའི་ཡུལ་སྐོར་བར་ཉེན་ཁ་འགོག་ཟོན་ཐད་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།