དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 1997ལོར་སྐྱེས་པའི་དགེ་རྒན་ཞིག་གིས་རི་གྲོང་བུ་ཕྲུག་གི་སེམས་ཀྱི་ཞིང་སར་རོལ་དབྱངས་ཀྱི་ས་བོན་བཏབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ཧྥུང་།   |     སྤེལ་དུས།  2024-07-15

    ཁྲུང་ཆིང་ཨུ་ཧྲན་རྫོང་གི་གྲོང་ཚོ་ཆུང་ཆུང་ཞིག་གི་སློབ་ཁྲིད་ས་ཚིགས་སུ་1997ལོར་སྐྱེས་པའི་ན་གཞོན་དགེ་རྒན་ཞིག་ཡོད། ཁོ་པས་རོལ་དབྱངས་ལ་བརྟེན་ནས་རི་གྲོང་གི་བུ་ཕྲུག་ཚོའི་མཐོང་རྒྱ་གསར་པ་ཞིག་ཕྱེ་ཡོད།

    འབྲི་ཆུའི་འགྲམ་ངོགས་སུ་ཆགས་པའི་ཨུ་ཧྲན་རྫོང་གྲོང་ནས་ཐོན་མ་ཐག་རི་མཐོ་གཡང་གཟར་གྱིས་ཁེངས་ཤིང་། ཞིང་ཆེན་ལམ་དུ་གང་ཙམ་བསྐྱོད་རྗེས་རྫོང་ལམ་དུ་བསྐྱོད་དགོས་པ་དང་། དེ་ཙམ་རྒྱ་ཆེན་པོ་མེད་པའི་ཀྱག་ཀྱོག་ལམ་བུ་བརྒྱུད་རྗེས་སན་ཤིས་ཤང་ཐན་ཅ་སློབ་ཆུང་གི་ཧྲི་དབྱིན་སློབ་ཁྲིད་ས་ཚིགས་སུ་འབྱོར་གྱི་ཡོད། དེ་གའི་ས་བབ་མཐོ་ཚད་ལ་སྨི་1200ཙམ་ཟིན་པ་དང་རྫོང་གྲོང་དང་བསྡུར་ན་སྨི་900ལྷག་ཙམ་གྱིས་མཐོ་བ་ཡོད། མི་རིང་བའི་སར་ཁྲུང་ཆིང་དང་ཧུའུ་པེའི་འབྲེལ་མཚམས་ཡོད། དགེ་རྒན་6གིས་དེ་གར་ལས་གནས་བརྟན་སྲུང་བྱས་ནས་ཕྲུ་གུ་21ཁྱིམ་གྱི་སྒོ་ཁར་སློབ་གྲྭ་འགྲིམ་ཐུབ་པ་བྱུང་ཡོད།

    “ལམ་བར་གྱི་ཡུལ་ལྗོངས་ལ་ཧང་སངས་མ་བྱུང་ངམ”1997ལོར་སྐྱེས་པའི་སློབ་ཁྲིད་ས་ཚིགས་ཀྱི་འགན་འཁུར་བ་ཀྲོང་ཅི་ཡུས་ཀྱིས་དགོད་བཞིན་དུ་ང་ཚོར་བཤད་བྱུང་། གཟུགས་པོ་ཆེ་ལ་ཤ་རིད་ཙམ་ཡོད་པ་དང་། ལུས་ལ་བདེ་བའི་གྱོན་ཆས་གྱོན་པའི་ཁར་དར་སོ་ཆེ་བའི་མིག་ཤེལ་ཞིག་བཏགས་འདུག ཕར་ལྟ་དུས་ཁོ་པ་ནི་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཕྲུག་ཅིག་དང་འདྲ་པོ་ཡོད།

    2021ལོའི་དབྱར་ཁ་ཞིག་ལ་གནས་གཏན་འཁེལ་གྱི་དགེ་འོས་སློབ་མ་ཡིན་པའི་ཀྲོང་ཅི་ཡུས་ཁྲུང་ཆིང་རིག་གནས་ཚན་རིག་སློབ་གླིང་གི་སློབ་ཆུང་སློབ་གསོའི་རིག་ཚན་ཡོངས་ཀྱི་དགེ་རྒན་ཆེད་ལས་ནས་སློབ་མཐར་ཕྱིན་ཏེ་གནས་གཏན་འཁེལ་གྱི་ལམ་ལུགས་གཞིར་བཟུང་ཁྲུང་ཆིང་གི་བྱང་ཤར་གྱི་སྒོ་མོར་གྲགས་པའི་ཨུ་ཧྲན་རྫོང་དུ་ལས་བགོས་བརྒྱབ་པས། དུས་དེ་ནས་བཟུང་ཨུ་ཧྲན་དང་ལས་དབང་གཅིག་ཏུ་སྦྲེལ། ཀྲོང་ཅི་ཡུས་ཀྱིས“སློབ་གྲྭ་ཐོན་དུས་སློབ་གྲོགས་30ཚང་མ་དགེ་རྒན་དཀོན་པའི་གྲོང་གསེབ་ཀྱི་སློབ་གྲྭར་དགེ་རྒན་དུ་མངགས་པ་དང་ཞབས་འདེགས་ཞུ་ཡུན་ལོ་6རེད”ཅེས་ངོ་སྤྲོད་བྱས།

    དགེ་བའི་བཤེས་གཉེན་བྱེད་རྒྱུ་ནི་ཀྲོང་ཅི་ཡུས་རང་ཉིད་ཀྱིས་གདམ་ག་བྱས་པ་ཞིག་ཡིན་ཞིང་། “ཁོ་པའི་ཨ་ནེ་ནི་ཕ་རྒྱུད་སྤུན་མཆེད་ཀྱི་རྒན་མགོ་ཡིན་པ་དང་། གྲོང་རྡལ་གྱི་སློབ་ཆུང་གི་དགེ་རྒན་ཡིན། ས་གནས་ཀྱི་གནས་གཏན་འཁེལ་གྱི་དགེ་འོས་སློབ་མར་རྒྱུགས་སྤྲོད་པ་དེའང་ཨ་ནེས་བཏོན་པའི་བསམ་འཆར་རེད”

    དེ་གར་སླེབས་རྗེས་ཀྲོང་ཅི་ཡུས་དང་ན་གཞོན་གྲོགས་པོ་ཚོས་གཞི་རིམ་གྱི་སློབ་ཁྲིད་ཁྲོད་དུ་ཕྲུ་གུ་ཚོའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་ཤེས་བྱ་གསར་པ་བུམ་པ་གང་བྱོའི་ཚུལ་དུ་སློབ་ཀྱི་ཡོད།

    གཟབ་གཟབ་མ་བྱས་པར་ཅི་ཐར་སྒྲ་སྙན་གྱི་རྒྱུད་སྐུད་ལ་རེག་ནས་སྒྲ་གྲགས་སྐབས་སློབ་མ་ཀྲང་ཡ་ཆི་སྐྲག་སྣང་ཆེན་པོ་སྐྱེས་ཏེ་བྲོས། གནས་ཚུལ་དེར་ཀྲོང་ཅི་ཡུས་ལ་བག་ཆགས་ཟབ་མོ་བྱུང་ཡོད།

    ཐོག་མར་ཧྲི་དབྱིན་གྲོང་ཚོར་སླེབས་སྐབས་ཀྲོང་ཅི་ཡུས་ཀྱིས་རྡོག་ཁྲེས་ཕུད་ད་དུང་ཅི་ཐར་སྒྲ་སྙན་ཞིག་འཁྱེར་ཡོད། ཀྲོང་ཅི་ཡུས་ཀྱིས་རི་གྲོང་གི་སློབ་མ་མང་ཆེ་བ་ངོ་ཚ་ཧ་ཅང་སྨིན་པའི་ཁར་ཁ་གསང་པོ་མེད་པ་ཤེས་ནས་ཁོ་པའི་སེམས་ནང“རོལ་དབྱངས་ལ་བརྟེན་ནས་ཕྲུ་གུ་ཚོའི་སེམས་ཀྱི་སྒེའུ་ཁུང་གཞན་ཞིག་ཕྱེ་ན་མ་འགྲིག་པ་གང་ཡོད་དམ”སྙམ་པའི་དོགས་འདྲི་ཞིག་འཆར།

    2022ལོར་ཁོ་པས་ཅི་ཐར་སྒྲ་སྙན་ཚོགས་པའི་སློབ་ཚན་འཚོགས་པ་རེད། “ཕྲུ་གུ་ཁ་ཤས་ཀྱི་རོལ་དབྱངས་ཀྱི་ཚོར་སྣང་ཧ་ཅང་ཡག་པོ་འདུག དར་མ་ཚོས་སྤྱིར་བཏང་དུ་ཟླ་བ་གཅིག་ལྷག་ཙམ་ནང་ཤེས་ཐུབ་པའི་རོལ་དབྱངས་སྡེབ་དཀྲོལ་ལྟ་བུར་ཆ་བཞག་ན་ཀྲང་ཡ་ཆིས་ཟླ་ཕྱེད་ཙམ་སྦྱངས་རྗེས་ཤེས་སོང” ད་ཆ་བུ་མོ་ཆུང་ཆུང་དེས་དགེ་རྒན་ཀྲོང་ལགས་ཀྱི་ཅི་ཐར་སྒྲ་སྙན་ལས་གཞས་ཆ་ཚང་ཞིག་དཀྲོལ་ཐུབ་ཀྱི་ཡོད།

    སྔོན་ཆད་ཁ་གསང་པོ་མེད་པའི་ལོ་རིམ་བཞི་པའི་སློབ་མ་ཝང་ཙུའུ་ཞན་རོལ་དབྱངས་ཚོགས་པའི་པེ་སི་སྒྲ་སྙན་དཀྲོལ་མཁན་ལ་གསོ་སྐྱོང་བྱས་པ་དང་། ད་ཆ་གསར་འགོད་པ་དང་བཅས་པ་མཐོང་སྐབས་རང་འགུལ་ངང་འཚམས་འདྲི་བྱེད་ཀྱི་ཡོད། ལོ་རིམ་དྲུག་པའི་ཝང་ཁྲའོ་ལ་ཐོག་མར་རྔ་རྡུང་སྟངས་སློབ་སྐབས་ཁོབ་ཏོ་ཚ་པོ་ཡོད། འོན་ཀྱང་ཡུན་རིང་སྦྱངས་པ་བརྒྱུད་འཁྲབ་སྟོན་ལ་ཞུགས་པ་མ་ཟད། ད་དུང་མཉམ་སྤྲོའི་འདུ་ཚོགས་སྐབས་གཙོ་སྐྱོང་བ་ཡང་བྱེད་ཀྱི་ཡོད། “རོལ་དབྱངས་སྦྱངས་པ་དང་གར་སྟེགས་ཐོག་བསྐྱོད་པ་དེས་རྩལ་ནུས་གཅིག་གསོ་སྐྱོང་ཐུབ་པ་མ་ཟད། དེ་བས་ཀྱང་གལ་ཆེ་བ་ནི་ཧུར་བརྩོན་དང་སེམས་ཤུགས་འཕེལ་ཡོད”ཅེས་ཀྲོང་ཅི་ཡུས་ཀྱིས་བཤད།

    ད་ཆ་སློབ་ཁྲིད་ས་ཚིགས་ཀྱི་འགན་འཁུར་བ་ཡིན་པའི་ཀྲོང་ཅི་ཡུས་བྲེལ་འཚུབ་ཆེ་ཞིང་། ཁོ་པས་ད་ཆ“སྐྲ་དཀར་ཡང་སྐྱེས་འདུག”ཅེས་ཀུ་རེའི་ཚུལ་དུ་ཤོད་ཀྱི་ཡོད།

    ཡུན་རིང་མ་སོང་བའི་གོང་གི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་འཁྲབ་སྟོན་སྐབས། ཧྲེ་དབྱིན་སློབ་ཁྲིད་ས་ཚིགས་སུ་ས་ཕྱོགས་གང་ས་ནས་ལྟད་མོ་བ་མང་པོ་ཞིག་སླེབས་ཡོད་ཅིང་། ཉིན་དེར་ཕྲུ་གུ་ཚོས་བློ་ཁོག་ཆེན་པོས་གར་སྟེགས་ཐོག་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།