དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབྲུབ་འགོག་གེགས་སེལ་བྱེད་རིང་ཏང་ཡོན་ལས་བྱེད་པས་མང་ཚོགས་ཛ་དྲག་ངང་གནས་སྤོ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-15

    2024ལོའི་ཟླ་7ཚེས་8ཉིན་ཚུན། སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་དུ་དྲག་ཆར་རྒྱུན་མཐུད་བབས་པ་རེད། འབྲུབ་འགོག་གེགས་སེལ་གྱི་འགག་རྩའི་དུས་སྐབས་སུ། ཏ་ཀྲོའུ་གྲོང་ཁྱེར་གྱི་རིམ་ཁག་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འབྲུབ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཁ་འགྲེམས་གནས་སྤོ་དང་། ཉེན་ཁ་སེལ་བ། དངོས་ཟོག་མྱུར་སྐྱོབ། བློ་སེམས་གཅིག་སྒྲིལ་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱས་ནས། འབྲུབ་ཆུའི་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་པ་རེད།

    འདི་ནི་2024ལོའི་ཟླ་7ཚེས་12ཉིན་ཆུས་ཅང་གཙང་པོ་སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་ཆུས་རྫོང་ལི་ཏུའུ་གྲོང་རྡལ་ཏེང་ཐའེ་སྡེ་ཁུལ་ཚོགས་ཆུང་དང་པོའི་དུམ་བུར་གཞི་རིམ་ཏང་ཡོན་ལས་བྱེད་པའི་དང་བླངས་པས་ཆུ་ལོག་ཁྲོད་ཕྲུ་གུ་ཞིག་གནས་སྤོ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།