དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-15

    ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར། 2023ལོར་མཚོ་སྔོན་པོ་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་33.02ཟིན་པ་དེ་ལོ་མང་རིང་གི་ཆ་སྙོམས་བསྡོམས་འབོར་དང་བསྡུར་ན་29.3%ལ་མང་བ་ཡོད་པ་དང་། གངས་གསོག་རྒྱ་ཁྱོན་ལོ་གོང་མ་ལས་27.81%ཆུང་དུ་ཕྱིན་པ་དང་ཉེ་བའི་ལོ་10ཡི་ཆ་སྙོམས་རྒྱ་ཁྱོན་ལས་22.05%ཆེ་རུ་ཕྱིན་པ། རྩྭ་སའི་སྔོ་ཁེབས་རྒྱ་ཁྱོན་ཆ་སྙོམས་བྱས་ན་65.70%ཟིན་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་པོ་འབབ་རྒྱུད་འཚོ་སྡོད་ཁུལ་གཙོ་བོར་བྱེད་པའི་སྟོངས་ཉེའི་དགོ་སྐྱ་ཁྱུ་ཚོགས་ཀྱི་གྲངས་འབོར་དེ་སྲུང་སྐྱོང་ཐོག་མར་བྱས་པའི་དུས་ཀྱི་300ལྷག་ཙམ་ནས་ལོ་ཧྲིལ་པོར་ཆ་སྙོམས་3488བར་མང་དུ་ཕྱིན་ཡོད་པ་དང་། ཆུ་བྱའི་ཁྱུ་ཚོགས་ཀྱི་གྲངས་འབོར་སྤྱིའི་ཆ་ནས་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ལོ་ཧྲིལ་པོར་བསྡོམས་རྩིས་བརྒྱབ་ན་ཁྲི་60.6ལྷག་ཙམ་ཟིན་པ། རྩ་ཆེའི་མཚོ་སྔོན་པོའི་གསེར་ཉ་བསྡོམས་གྲངས་དུང་ཕྱུར་5.55ཙམ་དང་ཐོན་ཁུངས་བསྡོམས་འབོར་ཏུན་ཁྲི་11.41ཟིན་པ་དེ་2002ལོའི་ལྡབ་44རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།