དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་ནང་དང་མུ་ཁར་བསྐྱོད་ནས་དམངས་ཀྱི་བསམ་འདུན་ཉན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-15

    ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་ཝུའེ་པིན་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས་ཞིང་ནང་དང་མུ་ཁ་དང་ཞིང་ཁྱིམ་དུ་བསྐྱོད་དེ། ཁྱད་ལྡན་ཐོན་ལས་ཐོན་སྐྱེད་དང་ཉོ་ཚོང་གི་བརྒྱུད་རིམ་ཁྲོད་གནས་པའི་དཀའ་ངལ་འདྲི་བ་དང་བརྟག་ཞིབ་བྱས་པ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། ཞིང་ཕན་སྲིད་ཇུས་དོན་འཁྱོལ། གྲོང་གསེབ་ཀྱི་མཉམ་སྡེབ“མ་རྩ་གསུམ”དོ་དམ་སོགས་ཐད་གནས་པའི་གནད་དོན་གྱི་ཁུངས་སྣེ་གྲལ་བཤེར་བྱས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བར་འགན་ལེན་ནུས་ལྡན་བྱས་པ་རེད། འདི་ནི་ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་ཝུའེ་པིན་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་བྱེད་པས་ཧྲི་ཀུའུ་གྲོང་རྡལ་ལི་ཅ་ཚའོ་གྲོང་ཚོར་གྲོང་མིའི་ས་ནས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།