དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་རང་བྱུང་ཡིའུ་ཡི་ཐོན་ནུས་ཀྱི་རྣམ་གྲངས་ཆེ་ཤོས་ལས་འགོ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-15

    གསར་འགོད་པར་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་སྒྲིག་གཞི་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རང་བྱུང་ཡིའུ་ཡི་ཐོན་ནུས་ཀྱི་རྣམ་གྲངས་ཏེ། ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཀུང་སིའི“རྒྱལ་ཡིའུ་ཨང་དང་པོའི”དཔེ་སྟོན་ལས་གྲྭ་ནང་སོག་ཨེར་ཏོ་སི་རུ་ལས་འགོ་བཙུགས་པ་རེད། རྣམ་གྲངས་དེ་ནི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི“ལོ་ལྔ་ཚན་བཅུ་བཞི་པའི”ཉིང་རྡུལ་བཟོ་ལས་འཕེལ་རྒྱས་ཀྱི་འཆར་འགོད་རྣམ་གྲངས་ཤིག་ཡིན་པ་དང་། འགག་རྩའི་ལག་རྩལ་གྱི་སྟོན་རྟགས་དེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཀྱི་ཡོད་ཅིང་། རྣམ་གྲངས་དེ་བསྐྲུན་རྗེས་རང་རྒྱལ་གྱི་ཐོན་ནུས་གཞི་ཁྱོན་ཆེ་ཤོས་དང་འཛུགས་སྐྲུན་ཚད་གཞི་མཐོ་ཤོས་ཀྱི་རང་བྱུང་ཡིའུ་ཡི་ཐོན་སྐྱེད་རྟེན་གཞིར་འགྱུར་རྒྱུ་རེད།

    “རྒྱལ་ཡིའུ་ཨང་དང་པོའི”དཔེ་སྟོན་ལས་གྲྭ་ནི་རང་རྒྱལ་གྱིས་ས་འོག་ནས་ཡིའུ་སྔོག་འདོན་ལོ་30ལྷག་ཙམ་བྱས་པའི་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤིག་ཡིན་པ་དང་། དེར་སྔོན་ཐོན་གྱི་སྔོག་འདོན་བཟོ་རྩལ་སྤྱད་ཡོད་པས“སྙིགས་གསུམ་ཕྱིར་འབུད་མེད་པ་དང་། སྐྱེ་ཁམས་ལ་གཏོར་བཤིག་མེད་པ། ཐཱན་ཉུང་གཏོང་རྒྱུན་མཐུད་ཆོག་པ”བཅས་ཀྱི་ཡིའུ་གཏེར་སྔོག་འདོན་བཙོ་སྦྱང་བྱེད་སྟངས་གསར་པ་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།