ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་བཀོད་གཏོང་ཚོགས་འདུ་ལྷ་སར་འཚོགས་པ།
ཟླ་7ཚེས་12ཉིན་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་བཀོད་གཏོང་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ས་ཁུལ་དང་གྲོང་ཁྱེར་གྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་འཕེལ་རིམ་རྗེས་སྙེགས་ཤེས་རྟོགས་བྱས་པ་དང་། གཙོ་གནད་ལས་འགན་སླར་ཡང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ས་ཁུལ་དང་གྲོང་ཁྱེར་གྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་དོན་དུས་བཀག་ལྟར་ལེགས་གྲུབ་ཡག་པོ་བྱེད་པ་ནི་རྩ་འཛུགས་སྒྲིག་གཞིའི་སྡེ་ཚན་གྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ས་ཁུལ་དང་གྲོང་ཁྱེར་དང་རྫོང(ཆུས་དང་གྲོང་ཁྱེར)གིས་སྒྱུར་བཅོས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པར་དམ་འཛིན་ཡག་པོ་དང་། ཚན་ཁག་འཛུགས་སྐྱོང་དང་ཁོངས་སྒྱུར་རྩིས་སྤྲོད་རྩིས་ལེན་ལ་དམ་འཛིན་ཡག་པོ། སྡེ་ཚན་གྱི“གཏན་འཁེལ་གསུམ”ལེགས་སྒྲིག་བཟང་སྒྱུར་ལ་དམ་འཛིན་ཡག་པོ། དོན་གྲོས་མཐུན་སྦྱོར་སྒྲིག་གཞི་ཁུ་བསྡུ་ཚད་ལྡན་ཡོང་བར་དམ་འཛིན་ཡག་པོ། སྲིད་འཛིན་ལག་བསྟར་སྒྲིག་སྲོལ་སྒྱུར་བཅོས་ལ་དམ་འཛིན་ཡག་པོ། སྒྲིག་ཁོངས་སྤྱི་འདོམས་བེད་སྤྱོད་དང་འགོ་ཁྲིད་ཀྱི་གོ་གནས་གྲངས་འབོར་བཀོད་སྒྲིག་ལ་དམ་འཛིན་ཡག་པོ། སྒྱུར་བཅོས་རྩིས་ལེན་དང་དཔྱད་དཔོག་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། གཙོ་གནད་ལས་འགན་ཁག་དུས་བཀག་ལྟར་ལེགས་གྲུབ་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྟན་པོའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། མི་སྣ་འདེམས་སྤྱོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ། དམ་ནན་གྱི་སྒྲིག་ཁྲིམས་ལག་ལེན་བསྟར་བ་བཅས་བྱས་ཏེ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པའི་སྒོ་ནས་ཆབ་སྲིད་དང་། རྩ་འཛུགས། སྒྲིག་གཞིའི་སྒྲིག་ཁོངས། ལས་བྱེད་པའི་མི་དོན། ནོར་དཔལ། གསང་སྲུང་བཅས་ཀྱི་སྒྲིག་ཁྲིམས་ཁག་དོན་འཁྱོལ་གནད་སྨིན་ཐུབ་པ་བྱས་ཏེ། སྒྲིག་གཞི་དང་མི་སྣ་གསར་རྙིང་བརྗེ་རེས་བྱེད་སྐབས་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས། སྒྲིག་གཞི་སྒྱུར་བཅོས་དང་རྒྱུན་གཏན་གྱི་ལས་དོན་ཕན་ཚུན་སྐུལ་འདེད་མཐའ་འཁྱོངས་བྱས་ཏེ། སྒྱུར་བཅོས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྒྲིག་གཞིའི་སྒྲིག་ཁོངས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།