ལྗོངས་ཐད་གཏོགས་ལས་ཁུངས་ཀྱི“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་གཏོད་ལས་དོན་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ལྷ་སར་འཚོགས་པ།
ཚེས་12ཉིན་གྱི་ཕྱི་དྲོར། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་གཏོད་ལས་དོན་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུར་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ལྷག་པར་དུ་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “ལྗོངས་ཐད་གཏོགས་ལས་ཁུངས་ཀྱི‘སྟོབས་ཆེན་བཞིའི’ཏང་ཀྲི་པུའུ”ཁག་དང་པོར་མིང་བཏགས་པ་དང་ཉམས་མྱོང་དང་སྒྲུབ་སྟངས་སྤེལ་རེས་བྱས་པ་མ་ཟད། ད་དུང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀུང་ཧུའེ་ཚའེ་ཡིས་ལོ་གཅིག་རིང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དེ“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་ཤུགས་རྒྱག་པ་དང་། ལྟེ་བ་དང་། དཔུང་ཁག་འཛུགས་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ལ་དམིགས་པ། ཆབ་སྲིད་ཀྱི་ཁྲིད་སྟོན་དང་། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ། རྨང་རྩ་གཉིས་བརྟན། མཉམ་འདྲེས་སྐུལ་འདེད་བཅས་མཐའ་འཁྱོངས། ནམ་ཞག་རྒྱུན་དུ“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་གཏོད་དམ་འཛིན་བྱ་གཞིར་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ཟབ་ཏུ་གཏོང་བ་དང་། འགན་སྒྲུབ་འཇོན་ཐང་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། ཏང་ཡོན་གྱི་སེམས་ཤུགས་འཕེལ་བར་བྱེད་པ། སྲ་ཞིང་བརྟན་པའི་འཐབ་འཛིང་མཁར་རྫོང་བརྟན་དུ་གཏོང་བ་བཅས་བྱས་ཏེ། འཛུགས་གཏོད་ལས་དོན་ཏན་ཏིག་དང་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
ཀུང་ཧུའེ་ཚའེ་ཡིས“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་བ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་གཏོད་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་བཏང་ནས“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་གཏོད་ལས་དོན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། ཚན་རིག་དང་མཐུན་པ་དང་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ནས“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་གཏོད་ལས་དོན་གྱི་ཞིབ་ཕྲའི་ལག་ལེན་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་གཏོད་ལས་དོན་གྱི་རྒྱུན་རྣམ་ཕུགས་ཕན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གིས་བྱེད་དགོས་ངེས་ཀྱི་འབད་བརྩོན་དང་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།