དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས།

    《ཀྲུང་གོའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང》གི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《ཀྲུང་གོའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང》གི་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པ་རེད།

    རྒྱབ་ཤ་དཀར་པོའི་དེབ་ལ་གླེང་གཞི་དང་མཇུག་བསྡུའི་གཏམ་ཕུད། ཆ་ཤས་བདུན་ལ་དབྱེ་ཡོད་པ་སྟེ། མི་དང་རྒྱ་མཚོ་ཞི་མཐུན་གྱི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྤྱི་འདོམས་སྐུལ་འདེད། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཚན་རིག་དང་མཐུན་པའི་ངང་རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་མཚོའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ཕྱོགས་ཡོངས་ནས་བྱ་རྒྱུ་བཅས་རེད།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོ་ནི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྐུལ་འདེད་བརྟན་པོ་གཏོང་མཁན་དང་བྱ་སྤྱོད་ཧུར་ཐག་སྤེལ་མཁན་ཞིག་ཡིན་ལ། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་མཛེས་སྡུག་ལྡན་པའི་ཀྲུང་གོ་དང་རྒྱ་མཚོ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་ཡང་འབྲེལ་བ་ཡོད། ལོ་མང་རིང་ཀྲུང་གོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་གསར་སྤེལ་དང་སྲུང་སྐྱོང་གི་འབྲེལ་བར་སྤྱི་འདོམས་མཐུན་སྦྱོར་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ཏེ་མི་དང་རྒྱ་མཚོ་ཞི་མཐུན་གྱི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ཧུར་ཐག་བསྐྲུན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོས་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་འཚམ་པར་བྱས་ནས་རྩ་བའི་རང་བཞིན་དང་། གསར་གཏོད་རང་བཞིན། ཕུགས་ཕན་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ཏེ་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་སྒྱུར་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཀྲུང་གོའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ལེགས་སུ་ཕྱིན་པ་དང་། མཚོ་ཁོངས་ཁག་གཅིག་གི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། རྒྱ་མཚོའི་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་གསར་སྤེལ་བེད་སྤྱོད་བྱས་པ། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་གི་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། མི་དམངས་མང་ཚོགས་ཀྱི་རྒྱ་མཚོ་དང་ཉེ་བའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་མཐོ་རུ་སོང་བ་བཅས་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། ཀྲུང་གོས་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་འགན་འཁྲི་དང་འོས་འགན་ཏན་ཏིག་བསྒྲུབས་པ་དང་། གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཁོར་ཡུག་བཅོས་སྐྱོང་ཆེད་ཀྲུང་གོའི་ཇུས་གཞི་བཏོན་པ་དང་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་ཕུལ་བས་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་བྱས་རྗེས་དང་འགན་འཁྲི་མངོན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། རྒྱང་ལམ་གསར་པར་ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་མི་དང་རྒྱ་མཚོ་ཞི་མཐུན་གྱི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་བསྐྲུན་རྒྱུ་ཡིན། ཀྲུང་གོས་ཡིད་ལ་གནམ་འོག་འཆང་བ་དང་མཉམ་ལས་གཉིས་ཕན་གྱི་སྙིང་སྟོབས་བརྟན་སྲུང་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱ་མཚོའི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལག་ལེན་བསྟར་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱ་མཚོའི་སྐྱེ་ཁམས་ཤེས་དཔལ་གྱི་རྨང་གཞི་བརྟན་དུ་བཏང་བ་དང་རྒྱ་མཚོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་རྒྱ་མཚོ་དེ་ཉིད་ནམ་ཡང་མིའི་རིགས་འཚོ་སྡོད་དང་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་འགྱུར་བར་བྱས་ནས་དེ་བས་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་སྐྲུན་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།